2015ལོའི་སི་ཁྲོན་འབྲོག་པའི་ཡོང་འབབ་སྒོར་སྟོང་བརྒྱད་ཡན་ཆད་ཐོག་བསླེབས་རྒྱུ།

(སྒྲོལ་མ་ཚེ་མཚོས་བསྒྱུར།)        2012-09-13

ལིའུ་ཆི་པའོ་དང་ཅང་ཅུས་ཧྥེང་རྣམ་གཉིས་ཀྱིས་དེང་རབས་ཀྱི་རྩྭ་ཐང་ཕྱུགས་འབྲོག་ལས་སྒོ་འཕེལ་རྒྱས་ཐད་གལ་ཆེའི་མཆན་བཀོད་མཛུབ་སྟོན་གནང་།
གསར་འགོད་པས་ཉེ་ཆར་རྔ་བ་ཁུལ་ཧོང་ཡོན་རྫོང་དུ་འཚོགས་པའི་ཞིང་ཆེན་ཡོངས་ཀྱི་དེང་རབས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་བྱེད་ནུས་ཆེས་ཤོས་དང་།འབྲོག་ཁུལ་གྱི་ཕྱུགས་འབྲོག་ལས་སྒོ་འཕེལ་རྒྱས་བྱེད་སྟངས་འཕོ་འགྱུར་གཏོང་མགྱོ གས་པ།ཞིང་འབྲོག་པའི་འཚོ་བ་ལེགས་བཅོས་བྱེད་ལུགས་ཡག་པ་དང་གཏོང་མང་བའི་ལོ་ཁ་ཤས་ཤིག་ཡིན་པས།2011ལོར་ཞིང་ཆེན་ཡོངས་ཀྱི་འབྲོག་ཁུལ་གྱི་དངོས་ཡོད་ཕྱུགས་ཟོག་དཀར་གནག་ཁྲི42108ཡོད་པས2005ལོ་དང་བསྡུར་ན་ཕྱུགས་འབྲོག་ལས་སྒོའི་ཐོན་རིན་འཕར་སྣོན་བྱུང་ཚད་བརྒྱ་ཆ133.73ཡོད་པ།ཞིང་ཆེན་ཡོངས་ཀྱི་འབྲོག་ཁུལ་གྱི་ཞིང་འབྲོག་པ་མི་རེར་ཆ་སྙོམས་ཡོང་འབབ་ཁེར་གཙང་སྒོར3924ཡོད་པས།2005ལོ་དང་བསྡུར་ན་བརྒྱ་ཆ73འཕར་བ།དེའི་ནང་ཕྱུགས་འབྲོག་ལས་སྒོའི་མི་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང1874ཡོད་པས།2005ལོ་དང་བསྡུར་ན་བརྒྱ་ཆ226འཕར་བ་རེད།
ཉེ་བའི་ལོ་ཤས་ཞིང་ཆེན་ཡོངས་ཀྱི་རྩྭ་ཐང་ཕྱུགས་འབྲོག་ལས་སྒོ་ལ་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་ཕྱིན་ཆད་ཐུག་པའི་གནས་ཚུལ་གསར་པ་དང་ལས་འགན་གསར་པར་དམིགས་ནས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ལིའུ་ཆི་པའོ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།ཞིང་དཔོན་ཅང་ཅུས་ཧྥེང་རྣམ་གཉིས་ཀྱིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཞིང་།རང་རེའི་ཞིང་ཆེན་གྱི་དེང་རབས་ཀྱི་རྩྭ་ཐང་གི་ཕྱུགས་འབྲོག་ལས་སྒོ་འཕེལ་རྒྱས་གཏང་རྒྱུར་བླང་བྱ་གསར་པ་བཏོན་པ་རེད།
རང་རེའི་ཞིང་ཆེན་གྱིས2015ལོར་སླེབས་དུས།ཁྱོན་ཡོངས་ནས་རྩྭ་ཐང་འགན་གཙང་ལེན་དང་རྩ་བའི་ཐོག་རྩྭ་ཐང་ས་མཚམས་དབྱེ་བའི་ལས་ཀ་གྲུབ་ནས་ཐོག་མར་རྩྭ་ཕྱུགས་དོ་མཉམ་ཡོང་བ་དང་རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་མངོན་བྱུང་བ།རང་བྱུང་རྩྭ་ཐང་ལེགས་བཅོས་ཀྱི་གཞི་ཁྱོན་བརྒྱ་ཆ20ཐོག་སླེབས་པ།རྩྭ་ཐང་སྔོ་ཁེབས་བྱུང་ཚད་བརྒྱ་ཆ58མངོན་འགྱུར་བྱུང་བ་རེད།དེང་རབས་རྩྭ་ཐང་གི་ཕྱུགས་འབྲོག་ལས་སྒོ་ཐོག་མར་གཞི་ཁྱོན་ལྡན་པ།འབྲོག་ལས་ཐོན་ཚད་རིན་ཐང་ལོ་རེར་ཆ་སྙོམས་བརྒྱ་ཆ50འཕར་བ།འབྲོག་པ་མི་རེའི་ཡོང་འབབ་ཁེ་གཙང་བརྒྱ་ཆ8000ཡན་ཆད་ཐོག་སླེབས་པ་བྱ་དགོས་ཞེས་བཏོན་རེད།
  • ལེ་ཚན་སྔོན་མ།:པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག2012ལོའི་སྐབས་གསུམ་པའི་ཁོང་ཙུ་ཞི་བདེ་རྟགས་མའི་བདམ་མིའི་གྲས་སུ་ཚུད།
  • ལེ་ཚན་རྗེས་མ།:ཞིང་སྡེའི་སློབ་ཆུང་སློབ་མས་རིན་པ་མི་དགོས་པར་སློབ་གྲྭའི་རླངས་འཁོར་དུ་བསྡད།
  • དོ་སྣང་ཆེ་བའི་རྩོམ།