ཚེ་རིང་རྒྱ་མཚོས་བསྒྱུར། ཀྲུང་གོ་བོད་ཀྱི་དྲ་བ། 2012-09-12
མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཆང་ཝེ་དང་། ཧྲིན་ཀྲང་ལའོ་ཧེ་ཉིན། པེ་ཅིན་གློག་བརྙན་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ལོས་ཀོང་། འཁྲབ་སྟོན་པ་ཧུ་ལིན་བཅས་ཀྱིས་བརྙན་འཕྲིན་ཟློས་གར་གཏོང་འགོ་རྩོམ་པར་འཁོར་སྒུལ་བྱས།
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས10ཉིན་གྱི་མཚན་མོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། ཀྲུང་གོའི་པའོ་ལོན་གློག་རྡུལ་སྡེ་ཚོགས་ཚད་ཡོད་ཀུང་ཟི། མཚོ་སྔོན་ཞིན་ལོན་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་ཟི། པེ་ཅིན་ཁྲའོ་ཧྲིན་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟི་བཅས་ཀྱིས་ཕབ་སྐྲུན་བྱས་པ་དང་། རང་ཞིང་གི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མཛེས་སྡུག་ལྡན་པའི་གསེར་དངུལ་རྩྭ་ཐང་རྒྱབ་ལྗོངས་བྱས་པའི་རང་རྒྱལ་གྱིས་དཀའ་བ་ཁྱད་དུ་བསད་ནས“འབར་མདེལ་གཉིས་དང་འཁོར་སྐར་གཅིག”ཞིབ་འཇུག་ཇུས་འགོད་བྱེད་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར《མཚོ་སྔོན་གྱི་མེ་ཏོག་མཛའ་གཞས》གཏོང་འགོ་རྩོམ་པའི་མཛད་སྒོ་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆང་ཝེ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཧྲིན་ཀྲང་ལའོ་ཧེ་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། དྲུང་ཡིག་ཆེན་མོ་ཝང་ཞའོ་ཆིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་ཁྲོན་ཡའོ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པའོ་ཡས་ཀྲུ་སོགས་འགོ་ཁྲིད་བརྙན་འཕྲིན་ཟློས་གར་གཏོང་འགོ་རྩོམ་པའི་མཛད་སྒོ་སྟེང་ཞུགས། །ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཀྲང་ཅན་མིན་གྱིས་གཏམ་བཤད་སྤེལ།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཆང་ཝེ་དང་ཧྲིན་ཀྲང་ལའོ་ཧེ་ཉིན་སོགས་འགོ་ཁྲིད་རྣམས་འཁྲབ་སྟོན་ཚན་ཆུང་དང་མཉམ་པར་བླངས་བ།
ཀྲང་ཅན་མིན་གྱིས《མཚོ་སྔོན་གྱི་མེ་ཏོག་མཛའ་གཞས》ཞེས་པའི་བརྙན་འཕྲིན་ཟློས་གར་འདི་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས18པར་བསུ་བའི་བརྙན་འཕྲིན་ཟློས་གར་བརྩམས་ཆོས་ཀྱི་གྲས་སུ་བཞག་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་བཙུགས་ནས་ད་ལྟའི་བར་ཕབ་སྐྲུན་བྱེད་པའི་མུ་འབྲེལ་ཟློས་གར་ཐོག་མ་ཡིན། 《མཚོ་སྔོན་གྱི་མེ་ཏོག་མཛའ་གཞས》ལས“འབར་མདེལ་གཉིས”ཞིབ་འཇུག་རྟེན་གཞིའི་ལོ་རྒྱུས་འཕར་རིམ་དང་འོད་སྟོང་འབར་བའི་གྲུབ་འབྲས་ཡང་བསྐྱར་མི་རྣམས་ཀྱི་མིག་ལམ་དུ་སྐྱེལ་བ་མ་ཟད། རྟེན་གཞི་ཡིས་རྒྱལ་སྲུང་འཛུགས་སྐྲུན་དང་ཚན་རིག་ལག་རྩལ་འཕེལ་རྒྱས་ཐད་བཞག་པའི་རླབས་ཆེན་མཛད་རྗེས་ལ་བསྟོད་གླུ་བླངས་ཡོད་པར་བསྟན། །
མུ་འབྲེལ་བརྙན་འཕྲིན་ཟློས་གར《མཚོ་སྔོན་གྱི་མེ་ཏོག་མཛའ་གཞས》གཏོང་འགོ་རྩོམ་པའི་མཛད་སྒོ་ཟི་ལིང་ནས་བསྡུས་པ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10