བློ་བཟང་བོད་རྒྱ་དབྱིན་གསུམ་གྱི་ཀློག་སྨྱུག་དངོས་སུ་ཁྲོམ་རར་བཀྲམས་པ།

    མཚོ་སྔོན་པོ་དྲ་བ།    2012-09-12

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བློ་བཟང་ཚན་རྩལ་གྱིས་ཐོན་སྐྱེད་བྱས་པའི་བོད་རྒྱ་དབྱིན་གསུམ་གྱི་ཀློག་སྨྱུག་མིག་སྔར་དངོས་སུ་ཁྲོམ་རར་བཀྲམས་ཤིང་། བློ་བཟང་ཀློག་སྨྱུག་འདི་ཆེད་དུ་ལོ3ནས7བར་གྱི་བྱིས་པར་ཁ་ཕྱོགས་པའི་ཆེས་ཐོག་མའི་བོད་ཡིག་ཀློག་སྨྱུག་ཅིག་ཡིན། ནང་དོན་ལ་བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག རྩིས་རིག དབྱངས་གསལ། ཡི་གེ་ངོས་འཛིན། རྒྱལ་གླུ། བྱིས་གླུ། བྱིས་སྒྲུང་རིགས་སྣ་ཚོགས་སོགས་དེབ10ལྷག་ཡོད་ལ། དེར་ཡི་གེ་དང་པར་རིས་ཟུང་དུ་སྦྲེལ་བ་དང་། སྒྲ་འདོན་སྟངས་ཚད་ལྡན་ཡིན་པས། བྱིས་པ་རྣམས་ཀྱིས་རང་སྦྱོང་བྱེད་པ་དང་ཆབས་ཅིག་ཤེས་སྟོབས་བསྐྱེད་ཐུབ་ཅིང་། བྱིས་པའི་བློ་སྒོ་འབྱེད་བྱེད་ཀྱི་གདམ་ག་ཡག་ཤོས་ཤིག་ཏུ་ངེས།

ནེའུ་སློབ་ཀུན་འདུས་ཞེས་པའི་དཔེ་དེབ་འདི་ནི་རྒྱལ་ཁབ་སློབ་གསོ་པུའུ་མཛུབ་སྟོན་རྩ་གནད་ཀྱིས་གནང་བའི«བྱིས་པའི་སློབ་གསོ་མཛུབ་སྟོན་རྩ་གནད»ཅེས་པ་གཞིར་བཟུང་ཐོག རྩོམ་སྒྲིག་གི་གོ་རིམ་ཁྲོད་འབྲེལ་ཡོད་སློབ་གསོའི་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་སྲོལ་རྒྱུན་སློབ་གསོའི་ཉམས་མྱོང་སྤྱི་བསྡོམས་ཀྱི་རྨང་གཞིའི་སྟེང་དེང་རབས་ཚན་རྩལ་གྱི་ཀློག་སྨྱུག་ལག་རྩལ་ཟུང་དུ་སྦྲེལ་ཞིང་། བསྡུས་དེབ་དང་ཀློག་ཆས་གཅིག་བསྡུ་ཅན་གྱི་སློབ་གསོའི་ལག་ཆས་ཤིག་ཡིན།  །

བློ་བཟང་བོད་རྒྱ་དབྱིན་གསུམ་གྱི་ཀློག་སྨྱུག་དངོས་སུ་ཁྲོམ་རར་བཀྲམས་པ།
བློ་བཟང་བོད་རྒྱ་དབྱིན་གསུམ་གྱི་ཀློག་སྨྱུག་དངོས་སུ་ཁྲོམ་རར་བཀྲམས་པ།

བློ་བཟང་བོད་རྒྱ་དབྱིན་གསུམ་གྱི་ཀློག་སྨྱུག་དངོས་སུ་ཁྲོམ་རར་བཀྲམས་པ།
བློ་བཟང་བོད་རྒྱ་དབྱིན་གསུམ་གྱི་ཀློག་སྨྱུག་དངོས་སུ་ཁྲོམ་རར་བཀྲམས་པ།

བློ་བཟང་བོད་རྒྱ་དབྱིན་གསུམ་གྱི་ཀློག་སྨྱུག་དངོས་སུ་ཁྲོམ་རར་བཀྲམས་པ།
བློ་བཟང་བོད་རྒྱ་དབྱིན་གསུམ་གྱི་ཀློག་སྨྱུག་དངོས་སུ་ཁྲོམ་རར་བཀྲམས་པ།

  • ལེ་ཚན་སྔོན་མ།:མུ་འབྲེལ་བརྙན་འཕྲིན་ཟློས་གར《མཚོ་སྔོན་གྱི་མེ་ཏོག་མཛའ་གཞས》གཏོང་འགོ་རྩོམ་པའི་མཛད་སྒོ་ཟི་ལིང་ནས་བསྡུས་པ།
  • ལེ་ཚན་རྗེས་མ།:2012ཀྲུང་གོའི་བོད་ལྗོངས་ཐང་ག་སྒྱུ་རྩལ་འགྲེམ་སྟོན་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དུ་འགྲེམ་སྟོན་སྤེལ་འགོ
  • དོ་སྣང་ཆེ་བའི་རྩོམ།