གཅན་ཚས《གཡང་མདའ་རྟགས་མ》ཞེས་པའི་གློག་བརྙན་ཕབ་བསྐྲུན་བྱ་རྒྱུ་རེད།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2012-09-12

གཅན་ཚས《གཡང་མདའ་རྟགས་མ》ཞེས་པའི་གློག་བརྙན་ཕབ་བསྐྲུན་བྱ་རྒྱུ་རེད།
《གཡང་མདའ་རྟགས་མ》ཞེས་པའི་གློག་བརྙན་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་ཡུལ་དངོས།

  ཟླ9བའི་ཚེས8ཉིན། 2012ལོའི་གཡང་མདའ་རྟགས་མའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེད་ཀྱི་གདན་ཞུ་འགྲན་སྡུར་སྐབས་གཉིས་པའམ་མདའ་སྟོན་རིག་གནས་དུས་ཆེན་སྤེལ་བཞིན་པའི་སྒང་ལ། གཅན་ཚའི་མདའ་སྟོན་ཏེ་བོད་ཟས་རྣལ་མ་མཚམས་སྦྱོར་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་དང་།《གཡང་མདའ་རྟགས་མ》ཞེས་པའི་གློག་བརྙན་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་སྤེལ་བ་རེད། 
   《གཡང་མདའ་རྟགས་མ》ཞེས་པའི་གློག་བརྙན་གྱིས་ལོ་རྒྱུས་འཕེལ་རིམ་ཁྲོད་གཅན་ཚའི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་དཔལ་ཡོན་གཉིས་གཞི་གཅིག་ཏུ་གྲུབ་པ་ལས་མཚར་སྡུག་འོད་སྟོང་འབར་བའི་རིག་གནས་བྱུང་བ་བརྗོད་བྱར་བྱས་ནས། གཡང་མདའ་རྟགས་མའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེད་གདན་ཞུ་འགྲན་སྡུར་དང་འབྲེལ་ཏེ་གཏམ་རྒྱུད་ཀྱི་བྱུང་བ་བརྗོད་འདུག  གློག་བརྙན་སྒྱུ་རྩལ་གྱི་ཁྱད་ཆོས་ཟུང་སྦྲེལ་དང་བརྙན་གཟུགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གཅན་ཚའི་ཁྱད་དུ་འཕགས་པའི་སྲོལ་རྒྱུན་རིག་གནས་ཀྱི་ཤན་ཤུགས་དང་མཚོན་རྟགས་ཀྱི་རིན་ཐང་སྔར་ཇེ་རྒྱས་སུ་བཏང་ཞིང་། སྲོལ་རྒྱུན་གྱི་མི་རིགས་རིག་གནས་དར་སྤེལ་དང་སྲུང་སྐྱོབ་བྱེད་པའི་ནུས་པ་ཐོན་པ་རེད།
  གློག་བརྙན་འདིར་སྤྱིའི་མ་དངུལ་སྒོར་ས་ཡ9དང་འབུམ6དྲུག་ལྷག་བཏང་ཡོད་པ་དང་། མིག་སྔར་བརྙན་ཕབ་ཀྱི་དུས་སྔོན་བྱ་བ་སྤེལ་བཞིན་པའི་སྒང་ཡིན་ལ། སྔོན་དཔག་བྱས་པ་ལྟར་ན་སང་ལོའི་ལོ་མཇུག་ཏུ་གཏོང་རྒྱུ་རེད།

  • ལེ་ཚན་སྔོན་མ།:རྒྱལ་སྤྱིའི་གཞོན་ནུ་མཁས་པའི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་ཉི་ཧོང་དུ་ཚོགས་པ།
  • ལེ་ཚན་རྗེས་མ།:གཡང་འབུམ་རྒྱལ་གྱི《ཏུན་ཧོང་གཏེར་ཡིག་ཁྲོད་ཀྱི་འདུལ་བ་བསྡུས་པའི་ཞིབ་འཇུག》པར་བསྐྲུན་འགྲེམ་སྤེལ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།