བདེ་ཆེན་འགྲན་ཁུལ་གྱིས་སྐབས་གཉིས་པའི་བོད་རྒྱ་སྐད་གཉིས་གཏམ་བཤད་འགྲན་བསྡུར་བསྡུས་པ།

    ཀྲུང་གོ་བོད་ཀྱི་དྲ་བ།    2012-09-11

བདེ་ཆེན་འགྲན་ཁུལ་གྱིས་སྐབས་གཉིས་པའི་བོད་རྒྱ་སྐད་གཉིས་གཏམ་བཤད་འགྲན་བསྡུར་བསྡུས་པ།
ཟླ9བའི་ཚེས7ཉིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འགྲན་ཁུལ་གྱིས་སྐབས་གཉིས་པའི“མེས་རྒྱལ་ལ་དགའ་བ་དང་ཕ་ཡུལ་ལ་དུང་བའི”2012ལོའི་བོད་རྒྱ་སྐད་གཉིས་གཏམ་བཤད་འགྲན་བསྡུར་བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་དུ་སྤེལ།

ཏང་གི་ཚོགས་ཆེན་ཐེངས18པ་རྒྱལ་ཁའི་ངང་འཚོགས་འགོ་རྩོམ་པར་བསུ་བ་བྱས་ཏེ། རླབས་ཆེན་གྱི་ཏང་དང་མེས་རྒྱལ་གྱི་མཛེས་སྡུག  ཕ་ཡུལ་གྱི་འགྱུར་ལྡོག་ཆེན་པོ་བཅས་ལ་བསྟོད་གླུ་དབུལ་ཆེད།  ཁམས་པའི་འཁོར་སྐད་འཕྲིན་ལམ་གྱིས་ཟླ9བའི་ནང་སྐབས་གཉིས་པའི“མེས་རྒྱལ་ལ་དགའ་བ་དང་ཕ་ཡུལ་ལ་དུང་བའི”2012ལོའི་བོད་རྒྱ་སྐད་གཉིས་གཏམ་བཤད་འགྲན་ཚོགས་བསྡུས། ཐེངས་འདིའི་འགྲན་བསྡུར་གྱི་དམིགས་བྱ་གཙོ་བོ་ནི་སྔར་ལས་ལྷག་པར་བོད་རྒྱ་སྐད་གཉིས་སློབ་གསོའི་ཆུ་ཚད་མཐོར་འདེགས་སུ་བཏང་བ་བརྒྱུད།  བོད་རྒྱ་སྐད་གཉིས་ལེགས་པོ་སྦྱང་ནས་ཕ་ཡུལ་འཛུགས་སྐྲུན་བྱེད་རྒྱུ་དང་མེས་རྒྱལ་ལ་བྱས་རྗེས་འཇོག་རྒྱུ་དེ་ཡིན། 

རྒྱུས་ལོན་བྱུང་བ་ལྟར་ན།  ཐེངས་འདིའི་བདེ་ཆེན་ཁུལ་འགྲན་ཁུལ་གྱི་གཏམ་བཤད་འགྲན་བསྡུར་ནི་ཁམས་པའི་འཁོར་སྐར་འཕྲིན་ལམ་གྱིས་གདན་ཞུ་བྱས་ཤིང་།  བདེ་ཆེན་ཁུལ་ཏང་ཨུ་དང་བདེ་ཆེན་ཁུལ་སློབ་གསོ་ཅུའུ།  བདེ་ཆེན་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་བཅས་ཀྱིས་མཉམ་དུ་གཙོ་བསྒྲུབས་བྱས་པའི་གདམ་གསེས་རང་བཞིན་གྱི་འགྲན་བསྡུར་ཐེངས་ཤིག་རེད།  །



  • ལེ་ཚན་སྔོན་མ།:ཡུས་ཧྲུའུ་ཁུལ་གྱིས་ཁུལ་ཐད་གཏོགས་སློབ་གྲྭའི་དགེ་རྒན་དང་ཁྱིམ་བདག་ཁ་ཤས་ལ་འཚམས་འདྲི་བྱས
  • ལེ་ཚན་རྗེས་མ།:རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཞི་ལ་ལིས་ལ་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།