ཀྲུང་གོ་བོད་ཀྱི་དྲ་བ། 2012-09-11
ཉིན་དེའི་སྔ་དྲོར། ཡུས་ཧྲུའུ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་རྣམས་སྔ་གཞུག་ཏུ་གསར་དུ་བཙུགས་པའི་ཁུལ་ཐད་གཏོགས་ལས་ཁུངས་བྱིས་གཉོར་ཁང་དང་། ཁུལ་མི་རིགས་སློབ་འབྲིང་། དར་དམར་སློབ་ཆུང་། མཐོ་རིམ་སློབ་འབྲིང་གཉིས་པ། པ་དབྱི་ལས་རིགས་ལག་རྩལ་སློབ་གྲྭ། དམིགས་བསལ་སློབ་གྲྭ། པ་དབྱི་དྭ་ཕྲུག་སློབ་གྲྭ་སོགས་སུ་སོང་ནས་དགེ་རྒན་ཕུལ་བྱུང་ཅན་དང་། དཀའ་ཁག་ཡོད་པའི་དགེ་རྒན། ལས་འཁྱེར་ངལ་གསོ་བྱས་ཟིན་པའི་དགེ་རྒན་བཅས་ས་འགུལ་ཁྲོད་རྐྱེན་ངན་ལས་ཤོར་བའི་དགེ་རྒན་གྱི་ཁྱིམ་མི་ལ་འཚམས་འདྲི་བྱས།
ཡུས་ཧྲུའུ་ཁུལ་དུ་གནོད་ཕྱིའི་བསྐྱར་སྐྲུན་བྱ་བ་སྤེལ་འགོ་བརྩམས་པ་ནས་བཟུང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐུགས་ཁུར་མཛད་པ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་བཅས་ཀྱིས་ཡང་དག་པའི་འགོ་ཁྲིད་འོག གནོད་ཐེབས་ས་ཁུལ་གྱི་སློབ་གྲྭ་སོ་སོ་དུས་ཐོག་ཏུ་སློབ་འགོ་ཚུགས་པ་མ་ཟད། ས་ཁུལ་གཞན་ནས་སློབ་གྲྭ་སྒྲུབ་པའི་ལས་འགན་ལག་བསྟར་བྱས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10