ཀྲུང་གོ་བོད་ཀྱི་དྲ་བ། 2012-09-11
ཟླ9བའི་ཚེས7ཉིན་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་གླ་ཤི་གྲོང་རྡལ་གྱི་རོང་འབྲོག་པས་རྫོང་མི་དམངས་སྨན་ཁང་དུ་ལུས་པོར་ཞིབ་བཤེར་བྱེད་བཞིན་ཡོད། བོད་ལྗོངས་ནི་མཚོ་ངོས་ལས་མཐོ་བའི་རྐྱེན་གྱིས་མང་ཚོགས་ཀྱི་ལུས་པོ་བདེ་ཐང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། སྔ་མོ་ནས་མང་ཚོགས་ཀྱི་ནད་ཡམས་སྣ་ཚོགས་གསོ་བཅོས་བྱེད་ཆེད། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་སྡེ་ཁག་གིས་ད་ལོར《དམངས་ཡོངས་ཀྱི་ལུས་པོ་བདེ་ཐང་ཞིབ་བཤེར་བཟོ་འགོད་ཇུས་གཞི》གཏན་འབེབས་བྱས། འཆར་གཞི་ལྟར་ན་ལྗོངས་ཡོངས་ཀྱི་མཁར་གྲོང་གི་སྡོད་དམངས་དང་། གྲྭ་བཙུན་རྣམས་ལ་རིན་མི་དགོས་པར་ལུས་པོར་ཞིབ་བཤེར་བྱེད་རྒྱུ་ཡིན་པ་མ་ཟད། ད་ལོའི་ལོ་མཇུག་བར་དུ་ལྗོངས་ཡོངས་ཀྱི་རོང་འབྲོག་པ་མང་ཚོགས་ཁྲི274ཡི་ལུས་པོར་ཞིབ་བཤེར་བྱ་བ་ལེགས་འགྲུབ་འབྱུང་བར་བརྩོན་ལེན་བྱེད་རྒྱུ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10