ཚེ་རིང་རྒྱ་མཚོས་བསྒྱུར། ཀྲུང་གོ་བོད་ཀྱི་དྲ་བ། 2012-09-10
ཟླ9པའི་ཚེས8ཉིན་གྱི་སྔ་དྲོར། 2012ལོའི་སྐབས་གཉིས་པའི་རྒྱལ་སྤྱིའི“གཡང་མདའ་རྟགས་མའི”མི་རིགས་སྲོལ་རྒྱུན་གྱི་མདའ་རྩལ་གདན་ཞུ་འགྲན་ཚོགས་སམ་མདའ་སྟོན་དུས་ཆེན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ནས་སྤེལ་འགོ་བརྩམས། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབང་མོ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ལིའེ་ཞན་ཧྲིན། ཀྲུང་གོ་རྒྱལ་ཁབ་མདའ་རྩལ་རུ་ཁག་གི་སྣེ་ཁྲིད་པ་མའོ་ཡོན་སོགས་འགོ་ཁྲིད་མདའ་རྩལ་འགྲན་ཚོགས་སམ་མདའ་སྟོན་དུས་ཆེན་སྤེལ་འགོ་བརྩམས་པའི་མཛད་སྒོ་སྟེང་ཞུགས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ལིའེ་ཀྲུང་ཀྲའོ་ཡིས་མཛད་སྒོར་འགོ་འཛིན་བྱས།
ཐེངས་འདིའི་གདན་ཞུ་འགྲན་ཚོགས་སྟེང་པ་ཞི་དང་། ཨ་རི་སོགས་ཕྱི་རྒྱལ་གྱི་མདའ་རྩལ་རུ་ཁག11དང་། ཞིན་ཅང་དགེ་ཐོན་སློབ་གྲྭ་ཆེན་མོ་ལུས་རྩལ་སློབ་གླིང་གི་རུ་ཁག6། གཞན་ད་རུང་ཀྲུང་གོའི་ཐའེ་བན་མདའ་རྩལ་རུ་ཁག་དང་། རྒྱལ་ནང་གི་མདའ་རྩལ་རུ་ཁག15། ཞིང་ཆེན་ནང་ཁུལ་གྱི་མདའ་རྩལ་རུ་ཁག་ལས་ཐོན་པའི་ལུས་རྩལ་པ897འགྲན་ཚོགས་སྟེང་ཞུགས།
ཐེངས་འདིའི་མདའ་རྩལ་གདན་ཞུ་འགྲན་ཚོགས་སྤེལ་བའི་དམིགས་ཡུལ་ནི་རྒྱལ་ཁབ་ཕྱི་ནང་གི་མདའ་རྩལ་པར་བསམ་བློ་བརྗེ་རེས་དང་མཉམ་སྒོས་འདིའི་ཕྱོགས་སུ་འཚོལ་ཞིབ་བྱེད་པའི་སྟེགས་བུ་ཞིག་སྐྲུན་ནས། རྒྱལ་ཁབ་མི་གཅིག་པ་དང་ས་ཁུལ་མི་གཅིག་པའི་མི་རིགས་བར་གྱི་རིག་གནས་བརྗེ་རེས་བྱེད་པར་སྐུལ་འདེད་དང་། མི་རིགས་སྲོལ་རྒྱུན་གྱི་མདའ་རྩལ་རིག་གནས་དར་སྤེལ་བྱེད་པར་དོན་སྙིང་གལ་ཆེན་ལྡན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10