བདེ་སྐྱིད་འཚོ། མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-09-07
ད་ལོའི་ཟླ་བདུན་པའི་ཚུན་ལ་རྨ་ཆུ་རྒྱས་ཏེ། ཞོང་ཧྭ་རྫོང་ཅིས་ཧྲི་ཞ་ཆུ་གློག་ས་ཚིགས་ཀྱི་ཆུ་མཛོད་ས་ཁུལ་དང་། ཧོང་ཧྥུན་ཆུ་གློག་ས་ཚིགས་ཀྱི་ཆུ་མཛོད་ཀྱི་སྡེ་མི་རྣམས་ངེས་པར་དུ་གནས་སྤོ་དགོས་བྱུང་། ཞིང་ཆེན་སྲིད་གཞུང་གི་མཛུབ་སྟོན་ལྟར། ཞིང་ཆེན་དམངས་སྲིད་ཐིན་གྱིས་ཉེ་ལམ་ཞོང་ཧྭ་རྫོང་ལ་རྨི་གྲུ་བཞི་མ་བཅུ་གཉིས་ཡོད་པའི་སྦྲ་གུར་ཉིས་བརྒྱ་དང་། ལྟེབ་ཁྲི་ཉིས་བརྒྱ་དང་ལྔ་བཅུ། རྒུད་སྐྱོབ་མ་དངུལ་སྒོར་མོ་འབུམ་ལྔ་བཅས་བྱིན་ཏེ། རྨ་ཆུའི་འགྲམ་གྱི་ཞོང་ཧྭ་ས་ཁུལ་གྱི་ཁྱིམ་ཚང་ལྔ་བརྒྱ་ལྷག་གི་མི་སྟོང་གཉིས་དང་བརྒྱ་ལྷག་གནས་སྤོར་བའི་བཀོད་སྒྲིག་བྱ་བ་བཟང་བོར་བསྒྲུབས།
ད་ལྟ་གནོད་འགོག་རྒུད་སྐྱོབ་ཀྱི་མ་དངུལ་དང་དངོས་རྫས་ཚང་མ་དོན་ཐོག་ཏུ་འཁྱོལ་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10