རིན་ཆེན་བཀྲ་ཤིས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན། 2012-09-06
ཅ་ཆིན་ལིན་གྱིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུགས་ཁུར་དང་སྐུལ་འདེད་འོག ཀྲུང་གོ་དང་པུ་རིན་ཏི་ཕྱོགས་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་བའི་རྣམ་པ་བཟང་བོ་མངོན་ཡོད། ཕན་ཚུན་གྱིས་ཐུགས་ཁུར་བྱེད་ས་གལ་ཆེན་དང་ཁེ་ཕན་གཙོ་བོར་འབྲེལ་བའི་གནད་དོན་སྟེང་ནས་ཕན་ཚུན་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱས་ལ་རྒྱལ་སྤྱིའི་ལས་དོན་ཁྲོད་ནས་འབྲེལ་འདྲིས་དང་རམ་འདེགས་བཟང་བོ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོས་པུ་རིན་ཏི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཚད་རིམ་གསར་བར་བསླེབ་པར་སྐུལ་འདེད་བྱས་ཏེ་མཉམ་དུ་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།
ཅ་ཆིན་ལིན་གྱིས་བསྟན་དོན། ཨ་ཧྥེ་རི་ཁའི་རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཀྲུང་གོའི་ཕྱི་ཕྱོགས་སྲིད་ཇུས་ཀྱི་རྨང་གཞི་གལ་ཆེན་ཡིན་ལ་ཀྲུང་གོས་དུས་ཡུན་རིང་བོ་དང་བློ་བརྟན་འགྱུར་མེད་ཀྱི་འཐབ་ཇུས་གདམ་གསེས་ཡིན། ཀྲུང་གོས་པུ་རིན་ཏི་སོགས་རྒྱ་ཆེའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དག་དང་མཉམ་དུ་འབད་བརྩོན་བྱས་ནས་ཧུར་ཐག་སྒོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་སྐབས་ལྔ་བའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་གྲུབ་འབྲས་ལག་བསྟར་བྱས་ནས་ཨ་ཧྥེ་རི་ཁའི་ཞི་བདེ་དང་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་བསྣན་ནས་མུ་མཐུད་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྣམ་པ་གསར་བའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།
ཅ་ཆིན་ལིན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་པུ་རིན་ཏི་ཡི་གྲོས་ཁང་གོང་མ་དང་མཉམ་དུ་སྔར་ལས་ལྷག་པའི་སྒོ་ནས་རིམ་པ་སོ་སོའི་མཛའ་མཐུན་འགྲོ་འོང་དམ་ཟབ་དང་། དམངས་གཙོ་ཁྲིམས་ལུགས་འཛུགས་བསྐྲུན་དང་ཆབ་སྲིད་ནང་ཞུགས་པ་དང་ཆབ་སྲིད་གྲོས་མོལ་བྱེད་པ། དམངས་འཚོ་ལེགས་བཅོས་ལ་སྐུལ་འདེད་བྱེད་པ་སོགས་ཐད་ནས་འབྲེལ་འདྲིས་དང་མཉམ་ལས་ལ་ཤུགས་བསྣན་ནས་རང་སོ་སོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་པུ་རིན་ཏི་ཡི་མཛའ་བརྩེ་གཏིང་ཟབ་ཏུ་གཏོང་བའི་ཐད་བྱས་རྗེས་གསར་བ་འཇོག་པར་སྐུལ་འདེད་བྱེད་འདོད་ཡོད་ཟེར།
ཨིན་ཏི་སེད་ཙིག་ན་ལཱ་ཡིས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ནས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ལ། པུ་རིན་ཏི་གྲོས་ཁང་གོང་མས་ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་བར་གྱི་འབྲེལ་འདྲིས་དང་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ནས་པུ་རིན་ཏི་དང་ཀྲུང་གོའི་བར་གྱི་འབྲེལ་བ་གཏིང་ཟབ་ཏུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10