ཝུན་ཅ་པའོ་ཡིས་ཞིན་ཅང་གི་བྱ་བར་རྟོག་ཞིབ་མཛད་པ།

ཀླུ་འབུམ་བྱམས།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-09-07

ཝུན་ཅ་པའོ་ཡིས་ཞིན་ཅང་གི་བྱ་བར་རྟོག་ཞིབ་མཛད་པ།

འདི་ནི་ཟླ་དགུ་བའི་ཚེས་བཞིའི་ཉིན། ཁ་ཧྲི་གྲོང་ཁྱེར་ཧྲུའུ་ལེ་རྫོང་པ་རིན་ཞང་སྡེ་བ་གསུམ་པའི་ཨེ་མའེ་ཐུས་དབྱི་མེན་ཚང་གི་རྒུན་འབྲུམ་སྡོང་བོའི་བསིལ་འོག་ཏུ་ཝུན་ཅ་པའོ་ཡིས་སྡེ་དམངས་དང་བྱམས་བརྩེའི་ངང་བརྗེ་རེས་བྱེད་པའི་ཚུལ་རེད། ཝུན་ཅ་པའོ་ཡིས་ཞིན་ཅང་གི་བྱ་བར་རྟོག་ཞིབ་མཛད་པ།

འདི་ནི་ཟླ་དགུ་བའི་ཚེས་བཞིའི་ཉིན། ཁ་ཧྲི་ས་ཁུལ་མི་དམངས་སྨན་ཁང་དང་པོ་རུ་ཙུང་ལི་ཝུན་ཅ་པའོ་ཡིས་ནད་དྲགས་རྗེས་སྨན་ཁང་ནས་ཕྱིར་འབུད་རྩིས་ཡོད་པའི་གྲོང་ཁྱེར་གྱི་སྡོད་དམངས་དང་གླེང་མོལ་བྱེད་པའི་ཚུལ་རེད།
 

ཟླ་དགུ་བའི་ཚེས་གསུམ་ནས་ཚེས་ལྔ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཧི་ཐེན་དང་ཁ་ཧྲི་ས་ཁུལ་དུ་ཕེབས་ཏེ་བྱ་བར་རྟོག་ཞིབ་མཛད། ཁོང་གི་ཉིན་རྒྱུན་གྱི་བྱ་བའི་སྒྲུབ་ཡུན་དུས་ཚོད་བཅུ་བཞི་བཅོ་ལྔ་ལས་བརྒལ་ཡོད་ལ། ཁོང་མཁར་གྲོང་གཞིས་ཁུལ་དང་ཞིང་ར། དམག་སྒར། ཚོང་ཁང་དང་ཁྱིམ་ཚང་། སློབ་གྲྭ་དང་སྨན་ཁང་། ཁེ་ལས་བཅས་སུ་ཕེབས་ཏེ། རིགས་སོ་སོའི་མི་དམངས་ལ་ཁམས་འདྲི་བྱས་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་བཅོས། ཞིན་ཅང་གི་རོགས་སྐྱོར་བྱ་བ་སོགས་ལ་རྟོག་ཞིབ་མཛད་པ་དང་། གནམ་གྲུའི་སྟེང་དུ་ཐེངས་གཉིས་ལ་རང་སྐྱོང་ལྗོངས་དང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱི་བྱ་བའི་ཡར་ཞུ་ལ་ཉན།

ཝུན་ཅ་པའོ་ཡིས་ཞིན་ཅང་ནི་མི་རིགས་མང་བའི་ས་ཁུལ་ཞིག་ཡིན་ལ། ཞིན་ཅང་ལྷོ་ཕྱོགས་ས་ཁུལ་དང་སྒོས་སུ་ཁ་ཧྲི་དང་ཧི་ཐེན་ས་ཁུལ་གྱི་མི་གྲངས་མང་ཤོས་ནི་ཡུ་གུར་རིགས་ཡིན་པ་དང་། ཁོ་ཚོ་ནི་ལས་ལ་བརྩོན་ཞིང་མགྲོན་ལ་དགའ་བ། ཏང་དང་སྲིད་གཞུང་ལ་ཧ་ཅང་གོང་བཀུར་བྱེད་པ་ཡིན། ངས་ཐེངས་འདིར་ཁོ་ཚོར་འབྲེལ་འདྲིས་བྱས་ཏེ། ཁོ་ཚོ་སྔར་བཞིན་སྔོན་དང་གཅིག་འདྲ་ཡིན་ལ། ཞིན་ཅང་གི་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་པ་ཤེས་སོང་ཞེས་གསུངས།

ཝུན་ཅ་པའོ་ཡིས་རྟོག་ཞིབ་མཛད་སྐབས། ད་ལྟའི་སྤྱི་ཚོགས་འཚོ་བར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད་པས། མགོ་ཁྲིད་ལས་བྱེད་པའི་བསམ་པའི་འདུ་ཤེས་དེ་མང་ཚོགས་ཀྱི་བསམ་པའི་འདུ་ཤེས་ཀྱི་འགྱུར་བའི་རྗེས་ཆོད་དགོས་པ་དང་། མང་ཚོགས་ལ་ད་ལྟ་རེ་བ་གསར་བ་མང་པོ་ཡོད། ཞིན་ཅང་རོགས་སྐྱོར་ལས་གཞི་ལས་ས་དེའི་མང་ཚོགས་ལ་ཁེ་བཟང་ཅི་འདྲ་ཞིག་བསྐྲུན་ཐུབ་པར་བསམ་བློ་ཞིབ་ཏུ་གཏོང་བ་དང་། ལས་གཞི་ལ་རག་ལས་པའི་སྐྱེ་ཁམས་ཁོར་ཡུག་དང་ཁེ་སྤོགས་བགོ་བཤའ་རྒྱག་པ། མང་ཚོགས་ཀྱི་ཁེ་ཕན་གནད་དོན་བཅས་གཙིགས་ཆེན་དུ་འཛིན་དགོས་ཞེས་གསུངས།
 

ཝུན་ཅ་པའོ་ཡིས་ཞིན་ཅང་གི་བྱ་བར་རྟོག་ཞིབ་མཛད་པ།

འདི་ནི་ཟླ་དགུ་བའི་ཚེས་གསུམ་ཉིན། ཙུང་ལི་ཝུན་ཅ་པའོ་ཡིས་ལོ་ཕུའུ་རྫོང་གི་པེ་ཅིན་གྱིས་རོགས་བསྐྲུན་བྱས་པའི་སྐྱེ་ཁམས་ཞིང་ལས་ཚན་རྩལ་དཔེ་སྟོན་ཁུལ་གྱི་མ་རྨོས་ལོ་ཏོག་གི་ཞིང་ནང་དུ་ལས་ཀ་ལས་བཞིན་པའི་མང་ཚོགས་ལ་ཁམས་འདྲི་བྱེད་པའི་ཚུལ་རེད།

  • ལེ་ཚན་སྔོན་མ།:ཅ་ཆིན་ལིན་གྱིས་པུ་རིན་ཏི་ཡི་གྲོས་ཁང་གོང་མའི་གྲོས་གཙོ་ལ་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་མི་རིགས་སློབ་ཆེན་དུ་བོད་ཀྱི་བརྩམས་སྒྲུང་བརྩམས་ཆོས་གསུམ་འགྲེམ་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།