ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-09-06
བོད་ལྗོངས་སྨར་ཁམས་རྫོང་གི་སྐབས་བཞི་བའི་ཇ་རྟའི་གནའ་
ལམ་ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་སྤེལ་བ།
ཟླ9པའི་ཚེས3ཉིན་གྱི་སྔ་དྲོར། བོད་ལྗོངས་སྨར་ཁམས་རྫོང་གི་སྐབས་བཞི་བའི་བོད་ལྗོངས་ཇ་རྟའི་གནའ་ལམ་ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་སྤེལ་མགོ་བརྩམས། དེ་ཡང་སྨར་ཁམས་རྫོང་གི་བོད་ལྗོངས་ཇ་རྟའི་གནའ་ལམ་ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་ནི་ལོ་གསུམ་དུ་ཐེངས་ཤིག་ཚོགས་པ་ཡིན་ལ་གཞི་རྒྱ་རིམ་བཞིན་ཆེ་རུ་འགྲོ་བཞིན་ཡོད།
ཐེངས་འདིའི་སྒྱུ་རྩལ་དུས་ཆེན་ནི་ངོ་མཚར་གནའ་ལམ་དང་། གྲགས་འབྱོར་སྨར་ཁམས་ཞེས་པ་བརྗོད་བྱར་བཟུང་ཐོག ཚེས3ནས་ཚེས5ཡི་བར་རིག་རྩལ་འཁྲབ་སྟོན4ལས་གཞན་ད་དུང་ཚོང་ཟོག་འགྲེམ་ཚོང་དང་། རྟ་རྒྱུག་འགྲན་བསྡུར། སྐོར་བྲོ་དགོང་ཚོགས། གཙང་གསུམ་ལས་འབྲེལ་གྱི་གཉེན་སྟོན་ཆོ་ག་སོགས་སྤེལ་རྒྱུ་ཡིན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10