རྔ་བ་ཁུལ་བོད་ཡིག་སྒྲ་ལྡན་ལག་འཁྱེར་ཚགས་པར་མོས་ལེན་བྱེད་མཁན་ཁྲི22ལ་བུད་པ།
ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-09-06
ཟླ9བའི་ཚེས1བར། རྔ་བ་ཁུལ་བོད་ཡིག་སྒྲ་ལྡན་ལག་འཁྱེར་ཚགས་པར་མོས་ལེན་བྱེད་མཁན་ཁྲི22.4ལ་སླེབས། དེ་ཡང་འགྲིམ་འགྲུལ་དང་ས་ཁོངས། གློག་ནུས། ཐོན་སྐྱེད་འཚོ་སྟངས་སོགས་ཀྱི་བཀག་རྒྱ་ལས་རྔ་བ་ཁུལ་གྱི་རོང་འབྲོག་མང་ཚོགས་སྐོར་ཞིག་གིས་ཚགས་པར་དང་། བརྙན་འཕྲིིན། སྒྲ་སྡུད་འཕྲུལ་ཆས་སོགས་དུས་ལྟར་ལྟ་ཀློག་དང་ཉན་ཐུབ་ཀྱི་མེད་པའི་གནས་ཚུལ་ལ་གཞིག་ཅིང་། ས་ཁུལ་འདིའི་མང་ཚོགས་གང་མང་ཞིག་གིས་བོད་ཡིག་སྤྱོད་པའི་དངོས་ཡོད་དང་བསྟུན་ཏེ་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཨུའི་དྲིལ་སྒྲོག་པུའི་སྣེ་སྟོན་འོག རྔ་བ་ཚགས་པར་ཁང་གིས་སྔོག་འདོན་བྱས་པའི་རྔ་བ་བོད་ཡིག་སྒྲ་ལྡན་ལག་འཁྱེར་ཚགས་པར་དེ2011ལོའི་ཟླ4བར་ལེགས་འགྲུབ་བྱུང་ཞིང་། རྔ་བ་ཚགས་པར་ཁང་གི་སྨྱན་བྱད་གསར་བའི་ཁྱབ་རྒྱས་ལྟེ་གནས་ཀྱིས་རྩོམ་སྒྲིག་གསར་འགོད་བྱེད་པ་དང་། སྤོ་འགུལ་བརྡ་འཕྲིན་དང་འབྲེལ་འཕྲིན། གློག་འཕྲིན་བཅས་འཕྲིན་གཏོང་ཚོང་འགྲུལ་ཁང་གསུམ་གྱིས་སྐྱེལ་གཏོང་གི་འགན་ཁུར་བ་ཡིན།
དེ་ནི་ད་ལྟ་ཉིན་ལྟར་སྐྱེལ་གཏོང་བྱེད་ཅིང་རྒྱལ་ཡོངས་སུ་ཐོག་མར་གསར་གཏོད་གནང་བའི་སྨྱན་བྱད་གསར་བའི་རྣམ་པ་ཞིག་ཡིན། རྔ་བ་བོད་ཡིག་སྒྲ་ལྡན་ལག་འཁྱེར་ཚགས་པར་གྱི་གསར་འགྱུར་ཁྱབ་སྒྲོག་བྱེད་སྟངས་ནི་བོད་ཡིག་དང་རྔ་བ་ས་ཁུལ་གྱི་ཨ་མདོའི་བོད་ཡིག་སྒྲ་གདངས་ཟུང་དུ་སྦྲེལ་ཡོད་པ་དང་། ཁྱབ་སྒྲོག་ནང་དོན་ནི་ས་གནས་ཀྱི་གསར་འགྱུར་ལས་གཞན་ད་དུང་ཏང་དང་སྲིད་གཞུང་གིས་གཏན་འབེབས་གནང་བའི་བྱེད་ཕྱོགས་དང་སྲིད་ཇུས། སྒོས་སུ་བོད་ཁུལ་དང་འབྲེལ་བའི་བྱེད་ཕྱོགས་སྲིད་ཇུས་དག་ཡིན། དེ་ནི་དུས་བཀག་ལས་བརྒལ་བར་མ་ཟད་བོད་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བར་ནུས་པ་མི་དམན་པ་ཐོན་གྱི་ཡོད།