བདེ་སྐྱིད་འཚོ། ཞིན་ཧྭ་གསར་འགྱུར་དྲ་བ། 2012-09-06
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལིས་ཁྲང་ཁྲོང་ཚེས་བཞིའི་ཉིན་གྱི་དགོང་མོར་ཀྲུང་དབྱང་བརྙན་འཕྲིན་ཁང་དུ་ཕེབས་ཏེ། ཉིས་སྟོང་བཅུ་གཉིས་ལོའི་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་ཆེད་ཕབ་སྐྲུན་བྱས་པའི་དགོང་ཚོགས་ཆེན་མོ«མཚན་སྙན་མཐོན་པོ»ཞེས་པར་གཟིགས་པར་མ་ཟད། ཉིས་སྟོང་བཅུ་གཉིས་ལོའི“རྒྱལ་ཡོངས་ཀྱི་མི་ལ་སློབ་གསོ་བཏང་བའི་དཔེ་ལེགས་པའི”བྱ་དགའ་བྱིན་པ།
ཚེས་བཞིའི་ཉིན་གྱི་དགོང་མོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལིས་ཁྲང་ཁྲོང་གིས་ཆེས་མཛེས་པའི་དགེ་རྒན་ཀྲང་ལིས་ལི་ལ་བྱ་དགའ་གནང་བཞིན་པ།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལིས་ཁྲང་ཁྲོང་ཚེས་བཞིའི་ཉིན་གྱི་དགོང་མོར་ཀྲུང་དབྱང་བརྙན་འཕྲིན་ཁང་དུ་ཕེབས་ཏེ། ཉིས་སྟོང་བཅུ་གཉིས་ལོའི་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་ཆེད་ཕབ་སྐྲུན་བྱས་པའི་དགོང་ཚོགས་ཆེན་མོ«མཚན་སྙན་མཐོན་པོ»ཞེས་པར་གཟིགས་པར་མ་ཟད། ཉིས་སྟོང་བཅུ་གཉིས་ལོའི“རྒྱལ་ཡོངས་ཀྱི་མི་ལ་སློབ་གསོ་བཏང་བའི་དཔེ་ལེགས་པའི”བྱ་དགའ་བྱིན། ལིས་ཁྲང་ཁྲོང་གིས་དགེ་རྒན་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོ་བྱ་བ་སྒྲུབ་མཁན་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས། ཁོང་གིས་རྒྱ་ཆེའི་དགེ་རྒན་དང་མི་ལ་སློབ་གསོ་གཏོང་བའི་དཔེ་ལེགས་པ་མིག་དཔེར་བལྟ་དགོས་པ་དང་། ཏང་གི་སློབ་གསོའི་ལས་དོན་ལ་བློ་དཀར་བ། མི་ལ་སློབ་གསོ་གཏོང་བའི་ལས་འགན་དང་དུ་བླངས་ཏེ། བྱ་སྤྱོད་དངོས་ནས་སློབ་སྦྱོང་ལ་འབད་དེ་གཞན་ལ་མིག་དཔེ་སྟོན་པའི་བླ་ན་མེད་པའི་བྱ་སྤྱོད་བཟང་བོ་དར་སྤེལ་བྱས་ནས། སློབ་མ་རྣམས་སྐྱོན་བྲལ་བའི་ངང་འཚར་ལོངས་འབྱུང་བའི་སྣེ་ཁྲིད་མཁན་ཞིག་ཏུ་འགྱུར་དགོས་ཞེས་སྐུལ་མ་བཏང་།
ལིས་ཁྲང་ཁྲོང་གིས་ནན་གྱིས་བསྟན་དོན། སློབ་ཁྲིད་བྱས་ནས་མི་ལ་སློབ་གསོ་གཏོང་བའི་དཔེ་ལེགས་སྔོན་ཐོན་བྱས་རྗེས་དེ་དྲིལ་སྒྲོག་ཆེན་པོ་བྱེད་དགོས་པ་དང་། སྤྱི་ཚོགས་ཡོངས་སུ་ཤུགས་ཆེན་པོས་དགེ་རྒན་ལ་གུས་བཀུར་དང་སློབ་གསོ་ལ་མཐོང་ཆེན་བྱེད་པའི་དར་སྲོལ་བཟང་བོ་ཞིག་ཆགས་པར་བྱས་ནས། སློབ་གསོའི་ལས་དོན་འཕེལ་རྒྱས་སུ་གཏོང་བ་དང་ཚན་རིག་འཕེལ་རྒྱས་སུ་གཏོང་བར་ཁོར་ཡུག་བཟང་བོ་ཞིག་ཆགས་པར་བྱེད་དགོས་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10