ཀྲུང་དབྱང་བརྙན་འཕྲིན་དྲ་བ། 2012-09-05
རྒྱལ་ཡོངས་ཀྱི་ས་གནས་ཁྲིམས་འཛུགས་ཞིབ་བསྡུར་ཚོགས་འདུ་ཐེངས་བཅོ་བརྒྱད་པ་ཚེས་གསུམ་ཉིན་པེ་ཅིན་དུ་བསྡུས། གྲོས་ཚོགས་མ་འཚོགས་གོང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཝུའུ་པང་གོ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འདུར་ཞུགས་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་། ཚོགས་འདུར་ཞུགས་སུ་ཡོང་བའི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་དང་། ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན། ཁྲིམས་འཛུགས་བྱ་བའི་འཐབ་ཕྱོགས་དང་བོ་རུ་དཀའ་བ་སྤྱད་དེ་བྱ་བ་སྒྲུབ་ཀྱིན་པའི་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཁྲིམས་འཛུགས་ལས་བྱེད་པ་རྣམས་ལ་བརྩེ་བའི་འཚམས་འདྲི་མཛད་ནས་ཁོ་ཚོ་དང་མཉམ་དུ་པར་བླངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཀྲའོ་གོ་ཚོགས་འདུ་མགོ་རྩོམ་པའི་མཛད་སྒོར་ཞུགས་ནས་གཏམ་བཤད། ཝང་ཀྲའོ་གོ་ཡིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པ་ཚོགས་པའི་ཚུན་ལ་རང་རྒྱལ་གྱིས་ཁྲིམས་འཛུགས་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་བྱས། ཁོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པ་ཚོགས་པའི་ཚུན་ལ། རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁྲིམས་འཛུགས་དབང་ཆ་ཡོད་པའི་ས་གནས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ་དམིགས་འབེན་དུ་བཟུང་ནས་ཁྲིམས་འཛུགས་བྱ་འགུལ་མང་དུ་སྤེལ་ཏེ་ཁྲིམས་འཛུགས་བྱ་བར་འོད་སྟོང་ལྡན་པའི་གྲུབ་འབྲས་བླངས་ཡོད་ཟེར།
ཝང་ཀྲའོ་གོ་ཡིས་བཤད་རྒྱུར། དེང་སྐབས་དང་མ་འོངས་པའི་དུས་སྐབས་ཤིག་ལ་ཁྲིམས་འཛུགས་བྱ་བའི་ལས་འགན་སྔར་བཞིན་ལྗིད་པས། དེང་སྐབས་འཕྲད་པའི་གནས་བབ་གསར་བའི་འོག་གི་བླང་བྱ་གསར་བ་དང་ལས་འགན་གསར་བ་ཤེས་པར་བྱས་ཏེ། དུས་རྟག་ཏུ་བློ་རིག་གསལ་བ་དང་ཐོག་མཐའ་བར་གསུམ་དུ་ཕུགས་བསམ་དང་ཡིད་ཆེས་རྒྱུན་འཁྱོངས་བྱས་ནས་ཁྲིམས་འཛུགས་བྱ་བ་མུ་མཐུད་དུ་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་ཁྲོད་ཁྲིམས་འཛུགས་ཀྱི་སྣེ་ཁྲིད་དང་སྐུལ་འདེད་ནུས་པ་ལེགས་པོར་འདོན་དགོས། དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་ཁྲོད་ཀྱི་གཙོ་ཁྲིད་ནུས་པ་ལེགས་པོར་འདོན་དགོས། ཁྲིམས་འཛུགས་ལམ་ལུགས་དང་བྱ་བའི་ལམ་ལུགས། ཁྲིམས་འཛུགས་གོ་རིམ་བཅས་འཐུས་ཚང་དུ་བཏང་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཕན་ནུས་ལྡན་པའི་ངང་ལག་བསྟར་བྱེད་པར་འགན་སྲུང་བྱེད་དགོས་ཟེར།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་འཁུར་མཁན་ལིས་ཅན་གོ་ཡིས་མཛད་སྒོར་མགོ་འཛིན་བྱས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10