ཚེ་རིང་རྒྱ་མཚོས་བསྒྱུར། བོད་ལྗོངས་གསར་འགྱུར་དྲ་བ། 2012-09-05
ཟླ9པའི་ཚེས3ཉིན་གྱི་སྔ་དྲོར། སྨར་ཁམས་རྫོང་གི་སྐབས་བཞི་བའི་བོད་ལྗོངས་ཇ་རྟའི་གནའ་ལམ་གནས་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་སྤེལ་འགོ་བརྩམས།
སྨར་ཁམས་རྫོང་དུ་བོད་ལྗོངས་ཇ་རྟའི་གནའ་ལམ་གནས་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་ལོ་གསུམ་ནང་ཐེངས་གཅིག་ལ་སྤེལ་བཞིན་ཡོད་ལ། གཞི་རྒྱ་རིམ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད། ཟླ9བའི་ཚེས3ཉིན་ནས་ཚེས5ཉིན་གྱི་རིང་ལ་རིག་རྩལ་འཁྲབ་སྟོན་ཐེངས4ལ་སྤེལ་རྒྱུ་ཡིན་པ་དང་། དུས་མཚུངས་སུ་ཚོང་ཟོག་འགྲེམ་ཚོང་དང་། རྟ་རྒྱུག་འགྲན་བསྡུར། སྐོར་བྲོ་དགོང་ཚོགས་སོགས་བྱ་འགུལ་ཕུན་སུམ་ཚོགས་པ་སྤེལ་རྒྱུ་རེད།
ཤེས་གསལ་བྱུང་བ་ལྟར་ན། སྨར་ཁམས་བོད་ལྗོངས་ཤར་ཕྱོགས་སུ་མི་གྲངས་མང་ཞིང་། རོང་འབྲོག་ལས་གཉེར་བ། ཐོན་ཁུངས་ཕུན་སུམ་ཚོགས་པའི་རྫོང་མཁར་ཞིག་ཡིན་པ་མ་ཟད། ཐུན་མོང་མ་ཡིན་པའི་གནས་སྐོར་ཐོན་ཁུངས་ལྡན། འབྲི་ཆུ་དང་རྫ་ཆུ། ཇ་རྟའི་གནའ་ལམ་སོགས་ནི་གནས་སྐོར་བས་ཡིད་དབང་འགུག་སའི་གནས་མཆོག་ཡིན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10