ནོར་བུ་དབང་ལྡན་གྱི《སྒྲུང་རྒྱུད་དང་གླིང་སྒྲུང་རིག་པའི་རྣམ་བཤད》ཅེས་པ་པར་བསྐྲུན་འགྲེམ་སྤེལ་བྱས།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-09-05

ནོར་བུ་དབང་ལྡན་གྱི《སྒྲུང་རྒྱུད་དང་གླིང་སྒྲུང་རིག་པའི་རྣམ་བཤད》ཅེས་པ་པར་བསྐྲུན་འགྲེམ་སྤེལ་བྱས།
ནོར་བུ་དབང་ལྡན་གྱི《སྒྲུང་རྒྱུད་དང་གླིང་སྒྲུང་རིག་པའི་རྣམ་བཤད》
ཅེས་པ་པར་བསྐྲུན་འགྲེམ་སྤེལ་བྱས།

          ཉེ་ཆར། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཁང་གི་ཞིབ་འཇུག་པ་གཞོན་པའམ་རྒྱལ་ཡོངས《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་འགོ་གཙོ་ནོར་བུ་དབང་ལྡན་གྱིས་བརྩམས་པའི《སྒྲུང་རྒྱུད་དང་གླིང་སྒྲུང་རིག་པའི་རྣམ་བཤད》ཅེས་པ་པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས། དཔེ་དེབ་འདི་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རྒྱལ་ཁབ“211ལས་གཞིའི”སྐབས་གསུམ་པའི་འཛུགས་སྐྲུན་ལས་གཞིར་གཏོགས། 
 

ནོར་བུ་དབང་ལྡན་གྱི《སྒྲུང་རྒྱུད་དང་གླིང་སྒྲུང་རིག་པའི་རྣམ་བཤད》ཅེས་པ་པར་བསྐྲུན་འགྲེམ་སྤེལ་བྱས།
དཀར་ཆག

          དཔེ་དེབ་འདིའི་ནང་སྒྲུང་དང་། སྒྲུང་གི་ནུས་པ། སྒྲུང་དང《གེ་སར》ལོ་རྒྱུས་སྙན་རྩོམ། གེ་སར་ལོ་རྒྱུས་སྙན་རྩོམ་གྱི་འབྱུང་རྐྱེན་དང་གྲུབ་ཚུལ། གེ་སར་ལོ་རྒྱུས་སྙན་རྩོམ་གྱི་འགྱུར་བ་དང་འཕེལ་རྒྱས། གེ་སར་སྒྲུང་བ་བཅས་ཁག6ཏུ་དབྱེ་ཡོད་ཅིང་།  བསམ་བློའི་ལོ་རྒྱུས་ཀྱི་ལྟ་སྟངས་ལས་བོད་ཀྱི་ལོ་རྒྱུས་སྙན་རྩོམ་གེ་སར་གྱི་སྡོད་མའི་སྒྲུང་གི་འགྱུར་ལྡོག་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་དཀྱོགས་ཤུལ་བསྟན་ཡོད་ཅིང་། སྒྲུང་དང་། ལྡེའུ། བོན་བཅས་ནི་གནའ་བོའི་བོད་ཀྱི་དཔལ་ཡོན་ཁྱིམ་རྒྱུད་གསུམ་དུ་བཤད། གནའ་བོའི་བོད་ཀྱི་སྤྱི་ཚོགས་དང་དཔལ་ཡོན་འཕེལ་རྒྱས་སུ་གཏོང་བར་སོ་སོའི་ནུས་པ་ཆེན་པོ་བཏོན་ཡོད། གེ་སར་ལོ་རྒྱུས་སྙན་རྩོམ་ནི་བོད་ཀྱི་ངག་ཐོག་རིག་གནས་ཀྱི་གྲུབ་འབྲས་ཆེན་པོ་ཞིག་ཡིན་པའི་ཆ་ནས་ཏག་ཏག་གནའ་བོའི་སྒྲུང་གི་རིག་གནས་མ་ལག་ལས་འགྱུར་ཡོང་བ་ཞིག་ཡིན་ཞིང་། འདིས་སྒྲུང་གི་ནུས་པ་དང་ཁྱད་ཆོས་མང་པོ་རྒྱུན་འཛིན་བྱས་པ་དང་ཆབས་ཅིག་དེ་ནི་གནའ་བོའི་བོད་ཀྱི་སྙན་གཤིས་ཤེས་རབ་ཀྱི་ཉིང་བཅུད་དུ་སྣང་།

ནོར་བུ་དབང་ལྡན་གྱི《སྒྲུང་རྒྱུད་དང་གླིང་སྒྲུང་རིག་པའི་རྣམ་བཤད》ཅེས་པ་པར་བསྐྲུན་འགྲེམ་སྤེལ་བྱས།
རྩོམ་པ་པོ་ནོར་བུ་དབང་ལྡན།

          དཔེ་དེབ་ཁྲོད་རྩོམ་པ་པོས་དུས་ཡུན་རིང་བོར་ཡུལ་དངོས་ཞིབ་འཇུག་བྱས་པའི་གྲུབ་འབྲས་ལྟར། གེ་སར་སྒྲུང་བ་ནར་སོན་པའི་སྤྱི་ཚོགས་སྐད་བརྡའི་ཁོར་ཡུག་དང་།  ཡིག་ཆའི་ཁྱད་ཆོས་སོགས་ཀྱི་ཐད་ནས་གཏིང་ཟབ་པར་ཞིབ་བརྗོད་བྱས་ཡོད་པ་དང་།  ཟུར་བཀོད་དུ་ལོ་རྒྱུས་སྟེང་མིང་གྲགས་ཤེས་ཡོན་པས་འབྲེལ་ཡོད་གེ་སར་སྐོར་སྤེལ་བའི་དཔྱད་བརྗོད100ལ་ཉེ་བ་ཙམ་བསྡུས་ཡོད།

  • ལེ་ཚན་སྔོན་མ།:ལིས་ཁྲང་ཁྲོན་གྱིས་ཧེ་ཧྲན་གྱི་མགྲོན་པོར་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:སྐབས་དང་པོའི་གངས་ལྗོངས་ཀུན་ཕན་རྟགས་མའི་མདོ་ཁམས་ཡུལ་གྱི་དམངས་གླུ་འགྲན་ཚོགས།
  • དོ་སྣང་ཆེ་བའི་རྩོམ།