ལིས་ཁྲང་ཁྲོན་གྱིས་ཧེ་ཧྲན་གྱི་མགྲོན་པོར་མཇལ་འཕྲད་གནང་།

སྐལ་བཟང་སྐྱིད།    ཀྲུང་དབྱང་བརྙན་འཕྲིན་དྲ་བ།    2012-09-04

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་ལིས་ཁྲང་ཁྲོན་གྱིས་ཚེས་གསུམ་ཉིན་པེ་ཅིན་དུ་ཀྲུའུ་ཞི་སྨི་ལའོ•ཅིག་ཁ་ནོ་ཝེ་ཆི་ཚོགས་གཙོ་ཡིན་པའི་ཧེ་ཧྲན་སྤྱི་ཚོགས་རིང་ལུགས་པའི་དམངས་གཙོ་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
ལིས་ཁྲང་ཁྲོན་གྱིས་ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་ཀྱི་ཆེ་ཆུང་ལ་མི་བལྟ་བར་ཚང་མ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འདྲ་མཉམ་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་པ་ཡིན་ལ། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་བཞིན་ཡོད། ཀྲུང་གོས་ཧེ་ཧྲན་ནི་པ་ཨར་ཀན་ས་ཁུལ་གྱི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པའི་རྩ་དོན་ལ་གཞིགས་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་ཆ་ཐམས་ཅད་ནས་འཕེལ་རྒྱས་ཟབ་མོ་འབྱུང་བར་ཡར་སྐུལ་བྱེད་འདོད་ཡོད། རེ་བ་ལ་རྒྱལ་ཁབ་གཉིས་ཀྱིས་འབྱོར་ཚོང་མཉམ་ལས་ནི་ད་སྔ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་རྒྱུ་རྐྱེན་གལ་ཆེན་ཉག་ཅིག་ཏུ་བརྩིས་ནས། འབྱོར་ཚོང་གཞི་རྒྱ་སྔར་ལས་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ངེས་པ་དོན་གྱིས་འཕེལ་རྒྱས་འབྱུང་བར་ཡར་སྐུལ་བྱེད་དགོས་ཞེས་གསུངས།
ལིས་ཁྲང་ཁྲོན་གྱིས་ཀྲུང་གོ་གུང་ཁྲན་ཏང་དང་ཧེ་ཧྲན་སྤྱི་ཚོགས་རིང་ལུགས་པའི་དམངས་གཙོ་ཏང་གཉིས་ནི་སྲིད་འཛིན་ཏང་གི་ཁོངས་སུ་གཏོགས་པས། རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་དུ་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་གོས་རང་བདག་རང་བཙན་དང་ངེས་པ་དོན་གྱིས་འདྲ་མཉམ་ཡིན་པ། ཕན་ཚུན་བརྩི་འཇོག་བྱེད་པ། ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ་བཅས་ཏང་རིམ་པའི་འབྲེལ་འདྲིས་ཀྱི་རྩ་དོན་བཞིའི་རྨང་གཞིའི་ཐོག་ཏང་ཁག་གཉིས་ཀྱི་འབྲེལ་འདྲིས་དང་མཉམ་ལས་སྔར་ལས་ཇེ་ལེགས་སུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་གསར་བ་འཇོག་འདོད་ཡོད་ཅེས་གསུངས།
ཅིག་ཁ་ནོ་ཝེ་ཆི་ཡིས་ཧེ་ཧྲན་གྱི་ཏང་དང་སྲིད་གཞུང་། མི་དམངས་བཅས་ནི་ཀྲུང་གོའི་ཏང་དང་སྲིད་གཞུང་། མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་གྲོགས་པོ་ཡིན་ལ། ཀྲུང་གོར་མཛའ་མཐུན་སྲིད་ཇུས་ལག་བསྟར་མཐའ་འཁྱོལ་བྱས་ཏེ། སྟོབས་ཤུགས་ཡོད་དགུས་ཀྲུང་གོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བསྟན།

  • ལེ་ཚན་སྔོན་མ།:འོད་ཟེར་ཉིན་རེའི་ཚགས་པར་གྱི་ལོ་དཀྱིལ་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས་པ།
  • ལེ་ཚན་རྗེས་མ།:ནོར་བུ་དབང་ལྡན་གྱི《སྒྲུང་རྒྱུད་དང་གླིང་སྒྲུང་རིག་པའི་རྣམ་བཤད》ཅེས་པ་པར་བསྐྲུན་འགྲེམ་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།