ཚེ་རིང་རྒྱ་མཚོས་བསྒྱུར། མཚོ་སྔོན་གསར་འགྱུར་དྲ་བ། 2012-09-04
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས1ཉིན་ནས་ཚེས3ཉིན་བར་དུ། འོད་ཟེར་ཉིན་རེའི་ཚགས་པར་ཁང་གི2012ལོའི་ལོ་དཀྱིལ་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། ཟླ9བའི་ཚེས1ཉིན་གྱི་སྔ་དྲོ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཧྲིན་ཀྲང་ལུའུ་ཧོས་ཉིན་གྱིས་འོད་ཟེར་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཧི་ཏོང་ཕེན་འཁོར་དང་བཅས་བར་ཐུག་འཕྲད་བྱས།
གྲོས་ཚོགས་ལས2012ལོའི་ལོ་སྟོད་བྱ་བར་སྤྱི་བསྡོམས་བྱས་པ་དང་། ལོ་སྨད་བྱ་བར་བཀོད་སྒྲིག་བྱས་ཏེ། འོད་ཟེར་ཉིན་རེའི་ཚགས་པར་གྱིས་མཚོ་སྔོན་སོགས་ནུབ་རྒྱུད་ཞིང་ཆེན་དང་ས་ཁུལ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་ཐད་ལ་དྲིལ་བསྒྲགས་བྱས་པ་དང་། ཕན་ཚུན་བར་འབྲེལ་འདྲིས་བཙུགས་ཏེ། མཉམ་ཕན་མཉམ་ལས་ཀྱི་སྒྲིག་གཞི་མངོན་འགྱུར་བྱེད་པར་གྲོས་མོལ་བྱས། འོད་ཟེར་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཧི་ཏོང་ཕེན་དང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཝང་ཞང་མེན་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད། འོད་ཟེར་ཉིན་རེའི་ཚགས་པར་ཁང་རྒྱལ་ཡོངས་ས་ཁུལ་སོ་སོ་རུ་སྡོད་པའི་གསར་འགོད་པ་དེ་མིན་ཚགས་པར་ཁང་གི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོའི་མགོ་ཁྲིད་གཙོ་བོ་གྲོས་ཚོགས་སུ་ཞུགས།
ཧི་ཏོང་ཕེན་གྱིས་བཤད་རྒྱུར། དུས་ཡུན་རིང་བོར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འོད་ཟེར་ཉིན་རེའི་ཚགས་པར་ལ་མཐོང་ཆེན་བྱས་ཤིང་། འོད་ཟེར་ཚགས་པར་ཁང་གིས་ཀྱང་མཚོ་སྔོན་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད། རིག་གནས་ཁྱད་ཆོས་གཙོ་ཡིན་པའི་ཀྲུང་དབྱང་ཏང་གི་ཚགས་པར་ལ་མཚོན་ན། མཚོ་སྔོན་དང་འདྲ་བའི་ལོ་རྒྱུས་ཟབ་མོ་དང་རིག་གནས་ཁྱད་ཆོས་ཡོད་པའི་ཞིང་ཆེན་ལ་དོ་ཁུར་བྱེད་པ་དང་ཁྱབ་བསྒྲགས་བྱེད་ཀྱིན་ཡོད་པ་འདི་ནི། འོད་ཟེར་ཉིན་རེའི་ཚགས་པར་གྱི་འགན་ཁུར་ཡིན་ལ། འོད་ཟེར་ཉིན་རེའི་ཚགས་པར་གྱི་མིང་གྲགས་དང་ཤན་ཤུགས་མཐོར་འདེགས་སུ་གཏོང་བའི་དགོས་མཁོ་ཡང་ཡིན། རྗེས་ཕྱོགས་ང་ཚོས་རང་ཉིད་ཀྱི་ཁྱད་ཆོས་དང་དགེ་མཚན་སྔར་ལས་འདོན་སྤྲོད་བྱས་ཏེ། མཚོ་སྔོན་སྙིང་སྟོབས་དང་མཚོ་སྔོན་རིག་གནས་བཅས་ཀྱི་ཕྱོགས་སུ་དྲིལ་སྒྲོག་བྱེད་པར་འབད་བརྩོན་བྱས་ནས། སྨན་བྱེད་ཨང་དང་པོ་འཛུགས་སྐྲུན་བྱེད་པ་དང་། མཚོ་སྔོན་གྱི་བཅོས་སྒྱུར་འཕེལ་རྒྱས་འཛུགས་སྐྲུན་ཁྲོད་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན་ཟེར།
ཝང་ཞང་མེན་གྱིས་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་ཚབ་བྱས་ཏེ་འོད་ཟེར་ཉིན་རེའི་ཚགས་པར་ཁང་གི་2012ལོའི་ལོ་དཀྱིལ་བྱ་བའི་གྲོས་ཚོགས་བསྡུས་པར་རྟེན་འབྲེལ་ཞུས་པ་དང་། མཚོ་སྔོན་དུ་རྟོག་ཞིབ་བྱེད་དུ་ཡོང་པའི་ཚོགས་ཞུགས་མི་སྣར་དགའ་བསུ་ཆེན་པོ་བྱས་པ་མ་ཟད། རང་རེའི་ཞིང་ཆེན་གྱི་གནས་ཚུལ་མདོར་བསྡུས་ངང་མཚམས་སྦྱོར་བྱས། ཁོས་བཤད་རྒྱུར། འོད་ཟེར་ཉིན་རེའི་ཚགས་པར་ནི་ཀྲུང་གུང་ཀྲུང་དབྱང་གི་ཐད་གཏོགས་དང་གཙོ་སྒྲུབ་བྱས་པའི་རྒྱལ་ཡོངས་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་གྱི་ཉིན་རེའི་ཚགས་པར་ཞིག་ཡིན་ལ། ལོ་རྒྱུས་ཀྱི་དུས་ཡུན་རིང་པོ་ལྡན་པ་དང་། མཁས་དབང་རང་བཞིན་ལྡན་པའི་གསར་འགྱུར་སྨྱན་བྱེད་ཞིག་ཀྱང་ཡིན། རྒྱལ་ནང་དུ་བག་ཆགས་ཟབ་མོ་བཞག་ཡོད། ན་ནིང་མཚོ་སྔོན་དུ་གསར་འགོད་པའི་ས་ཚིགས་བཙུགས་པས། མཚོ་སྔོན་དྲིལ་སྒྲོག་བྱེད་པའི་སྟོབས་ཤུགས་ཇེ་དྲག་ཏུ་བཏང་བ་དང་། མཚོ་སྔོན་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཕྱི་ཕྱོགས་དྲིལ་སྒྲོག མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་མིང་གྲགས་མཐོར་འདེགས་སུ་གཏོང་བར་བྱས་རྗེས་གལ་ཆེན་བཞག་ཡོད་ཅིང་། རེ་བ་ལ་རྗེས་ཕྱོགས་ཕན་ཚུན་སྨྱན་བྱེད་བར་མུ་མཐུད་དུ་བརྗེ་རེས་དང་འབྲེལ་འདྲིས་བྱས་ཏེ། མཉམ་ལས་ཁྱབ་ཁོངས་དང་འཕེལ་རྒྱས་མཉམ་ལས་གསར་སྤེལ་བྱེད་དགོས་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10