གཡང་ཕྱུག་འཚོས《བར་སྐོར་གྱི་གླ་རྒྱུག་རླངས་འཁོར》ཞེས་པའི་ནང་གཙོ་འཁྲབ་བྱེད་པ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-08-31

གཡང་ཕྱུག་འཚོས《བར་སྐོར་གྱི་གླ་རྒྱུག་རླངས་འཁོར》ཞེས་པའི་ནང་གཙོ་འཁྲབ་བྱེད་པ།
གཡང་ཕྱུག་འཚོས《བར་སྐོར་གྱི་གླ་རྒྱུག་རླངས་འཁོར》
ཞེས་པའི་ནང་གཙོ་འཁྲབ་བྱེད་པ།

         ཟླ8པའི་ཚེས30ཉིན། ནུབ་རྒྱུད་གློག་བརྙན་མཐུན་ཚོགས་ཚད་ཡོད་ཀུང་ཟི་དང་ཧྲན་ཞི་ཞི་ཝེ་རིག་གནས་ཡུལ་སྐོར་ཐོན་ལས་མཐུན་ཚོགས། པོའོ་ཅི་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་ཕབ་པའི་གློག་བརྙན《བར་སྐོར་གྱི་གླ་རྒྱུག་རླངས་འཁོར》ཞེས་པ་ཞི་ཨན་ནས་ཕབ་མགོ་བརྩམས་ཤིང་། བོད་རིགས་མེ་ཏོག་ཆུན་པོ་གཡང་ཕྱུག་འཚོས་གློག་བརྙན་འདིའི་ནང་གཙོ་འཁྲབ་བྱེད་པ་རེད།
         གློག་བརྙན་འདིའི་ནང་གཙོ་ཆེར་གླ་རྒྱུག་རླངས་འཁོར་གཏོང་མཁན་བོད་རིགས་བུ་མོ་བདེ་སྐྱིད་མེ་ཏོག་གིས་ཉེན་འཇོག་མ་བྱས་པར་བརྟེན་རླངས་འཁོར་གདོང་ཐུགས་ཀྱི་དོན་རྐྱེན་བྱུང་སྟེ་རང་དང་སྤུན་མཆེད་ཀྱི་བརྩེ་མདང་བཞིན་ཟབ་པའི་བོད་རིགས་བུ་མོ་ཆུང་ཆུང་དེ་རྐྱེན་ངན་ཁྲོད་ཚེ་ལས་འདས་ཤིང་། དུས་དེ་ནས་བཟུང་བདེ་སྐྱིད་མེ་ཏོག་གིས་སེམས་ཀྱིས་མ་བཟོད་པར་ལས་དང་རྒྱུ་འབྲས་སྲུང་སྟེ་རང་ཉེས་ཁྲིམས་ཞུ་བྱས་པའི་གཏམ་རྒྱུད་ཅིག་ཡིན།
         འདིའི་ནང་བོད་རིགས་བུ་མོའི་བློ་སྤོབས་དང་རང་འགན་རང་ལེན་གྱི་གཤིས་སྤྱོད་ལ་བསྟོད་བསྔགས་བྱས་པ་མ་ཟད། ལྷ་སའི་ཉེ་འཁོར་གྱི་རང་བྱུང་ཁོར་ཡུག་མངོན་ཡོད། རྒྱུས་ལོན་པ་ལྟར་ན། གློག་བརྙན་འདི་ནི་ཟླ9བའི་ཟླ་སྟོད་དུ་ལྷ་ས་རུ་ཕབ་རྒྱུ་ཡིན་པར་གྲགས།

  • ལེ་ཚན་སྔོན་མ།:རྒྱལ་ཡོངས་གནས་སྐོར་བོད་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་ལྷ་ས་རུ་བསྡུས་པ།
  • ལེ་ཚན་རྗེས་མ།:ཝུན་ཅ་པའོ་ཡིས་ཐེན་ཅིན་དུ་བྱ་བར་གཟིགས་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།