རྒྱལ་ཡོངས་གནས་སྐོར་བོད་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་ལྷ་ས་རུ་བསྡུས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།    སེམས་ཀྱི་ཉི་ཟླའི་དྲ་བ།    2012-08-31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་འགའི་རིང་།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་ཞིང་སྡེའི་རིག་གནས་འཛུགས་སྐྲུན་བྱེད་པར་དོ་སྣང་བྱེད་བཞིན་ཡོད་ལ།  སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་སྔར་ལས་ལྷག་པར་གཞི་རིམ་གྱི་རིག་གནས་བྱ་བ་སྐུལ་སྤེལ་བྱས་པ་བརྒྱུད།  ཞིང་སྡེའི་རིག་གནས་འཛུགས་སྐྲུན་ཐད་ཤུགས་སྣོན་ཐོབ་པ་དང་། རིག་གནས་ཞབས་ཞུའི་ནུས་ཤུགས་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་། 

མིག་སྔར།  རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ11ཏུ་ཕྱོགས་བསྡུས་རིག་གནས་ས་ཚིགས་འཛུགས་སྐྲུན་བྱས་ཚར་བ་དང་།  བསྡོམས་པས་མ་དངུལ་སྒོར་ཁྲི440ལྷག་བཏང་། ཤང་དང་གྲོང་རྡལ་གྱི་རིག་གནས་ས་ཚིགས་སོ་སོའི་མཁྲེགས་ལྷུའི་སྒྲིག་ཆས་རྒྱུན་ཆད་མེད་པར་ལེགས་བཅོས་ཐོབ་ཡོད་པ་དང་།  རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་རིག་གནས་ས་ཚིགས་སུ་རིན་ཐང་སྒོར་ཁྲི10ཡི་སྒྲ་བསྐྱེད་སྒྲིག་ཆས12འདོན་སྤྲོད་བྱས་ཡོད་པ་རེད།  ། 

  • ལེ་ཚན་སྔོན་མ།:རྩོམ་པ་པོ་བཀྲ་བྷར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་གྱི་༼རྟ་མཆོག༽བྱ་དགའ་ཐོབ།
  • ལེ་ཚན་རྗེས་མ།:གཡང་ཕྱུག་འཚོས《བར་སྐོར་གྱི་གླ་རྒྱུག་རླངས་འཁོར》ཞེས་པའི་ནང་གཙོ་འཁྲབ་བྱེད་པ།
  • དོ་སྣང་ཆེ་བའི་རྩོམ།