ཝུན་ཅ་པའོ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་བསྡུས་པ།(2)
མཚོ་སྔོན་བོད་སྐད་རྒྱང་སྒྲོག 2012-08-31
མཐོ་རིམ་སློབ་གྲྭའི་ཕུལ་བྱུང་མཐར་ཕྱིན་སློབ་མ་ཞིང་སྡེའི་སློབ་གྲྭ་དང་ཆ་རྐྱེན་ཞན་པའི་སློབ་གྲྭ་རུ་དགེ་རྒན་བྱེད་པར་འགྲོ་བར་སྐུལ་མ་གཏོང་བ། དུས་ཡུན་རིང་བོར་ཞིང་སྡེའི་གཞི་རིམ་དང་དཀའ་ཁག་ཆེ་བའི་མཐའ་ཁོབས་ས་ཁུལ་དུ་བྱ་བ་སྒྲུབ་པའི་དགེ་རྒན་གྱི་ཟླ་ཕོགས་དང་ལས་ཀའི་ཐོབ་ཐང་སོགས་ཐད་ལ་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་ཏེ་མཁར་གྲོང་གཅིག་གྱུར་གྱི་སློབ་གྲྭ་ཆུང་འབྲིང་གི་སྒྲིག་གཞིའི་ཚད་གཞི་རིམ་གྱིས་ལག་བསྟར་བྱེད་དགོས། བཞི་པ། གྲོང་ཁྱེར་དུ་ལས་ཀ་ལས་པའི་ལས་བཟོ་བའི་བྱིས་པ་དང་ཞིང་སྡེའི་ཁྱིམ་དུ་བཞག་པའི་བྱིས་པ། དབང་བོ་སྐྱོན་ཅན་གྱི་བྱིས་པ། དྭ་ཕྲུག བྱིས་པ་ལྡོམ་པོ་སོགས་ཀྱིས་འདྲ་མཉམ་གྱིས་འོས་འགན་སློབ་གསོ་མྱངས་པ་འགན་སྲུང་བྱེད་དགོས། ལྔ་པ། སློབ་གསོའི་སྤུས་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས། སྤུས་ཚད་སློབ་གསོ་མཛུབ་སྟོན་ཡིན་པའི་སྤུས་ཚད་དཔྱད་བསྡུར་མ་ལག་ཤིག་འཛུགས་དགོས། སློབ་མ་ཕྱོགས་ཡོངས་ནས་གོང་དུ་འཕེལ་བར་ཡར་སྐུལ་བྱས་ནས་སློབ་མའི་སློབ་ཁྲིད་དང་ལས་བྱའི་ཁུར་བོ་དོན་དམ་གྱིས་ཇེ་ཡང་དུ་གཏོང་དགོས། སློབ་མའི་སྤྱི་ཚོགས་འགན་སེམས་དང་གསར་གཏོད་བསམ་པ་དང་ལག་ལེན་ནུས་པ་སྐྱེད་སྲིང་བྱེད་དགོས། སློབ་གྲྭས་སློབ་གསོ་སློབ་ཁྲིད་བཅོས་བསྒྱུར་ཚོད་ལྟ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཧུར་ཐག་སྒོས་ཁྱད་ཆོས་ལྡན་པ་དང་ཆུ་ཚད་ལྡན་པར་སྐྲུན་དགོས། དྲུག་ནི་སློབ་གྲྭའི་དོ་དམ་ལ་ཤུགས་སྣོན་པ་དང་བཅོས་བསྒྱུར་བྱེད་དགོས། སློབ་མའི་སློབ་ཐོ་དོ་དམ་བྱེད་ཐབས་འཐུས་ཚང་དུ་བཏང་ནས། སྡོད་གནས་ཁུལ་གྱི་སློབ་ལོ་རན་པའི་མི་གྲངས་ཚད་ལྡན་དུ་བཟུང་བའི་འོས་འགན་སློབ་གསོའི་དོ་དམ་དང་སྤྱི་པའི་ཞབས་ཞུའི་ལམ་ལུགས་འཛུགས་དགོས་པ་བཅས་ཡིན། །