ཝུན་ཅ་པའོ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་བསྡུས་པ།

    མཚོ་སྔོན་བོད་སྐད་རྒྱང་སྒྲོག    2012-08-31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ8པའི་ཚེས29ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་ཝུན་ཅ་པའོ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་བསྡུས་ནས་འོས་འགན་སློབ་གསོ་དོ་མཉམ་ངང་གོང་དུ་སྤེལ་བ་དང་ཞིང་སྡེའི་འོས་འགན་སློབ་གསོའི་སློབ་གྲྭའི་ཁྱབ་ཚད་ལེགས་སྒྲིག་བྱ་བ་གཏིང་ཟབ་ཏུ་སྤེལ་བར་ཞིབ་འཇུག་དང་བཀོད་སྒྲིག་མཛད།

    ཚོགས་འདུ་ལས་བསྟན་དོན། རང་རྒྱལ་གྱིས་འོས་འགན་སློབ་གསོ་ཕྱོགས་ཡོངས་ནས་ཁྱབ་གདལ་བྱས་ཏེ་སློབ་ལོ་རན་པའི་བྱིས་པ་ཚོ་སློབ་གྲྭ་འགྲོ་ས་ཡོད་པའི་གནད་དོན་རྩ་བ་ནས་ཐག་གཅོད་བྱས། ཡིན་ཡང་ས་ཁུལ་དང་མཁར་གྲོང་། སློབ་གྲྭ་གསུམ་བར་གྱི་སློབ་སྒྲུབ་ཆུ་ཚད་དང་སློབ་གསོའི་སྤུས་ཚད་ཐད་ལ་བར་ཁྱད་ཡོད། དོ་མཉམ་ངང་གོང་དུ་སྤེལ་བར་ཡར་སྐུལ་དང་སློབ་ལོ་རན་པའི་བྱིས་པས་འོས་འགན་སློབ་གསོ་བཟང་བོ་ཞིག་མྱངས་པ་འགན་སྲུང་བྱ་རྒྱུ་ནི་ཕྱིན་ཆད་ཀྱི་དུས་ཡུན་ཞིག་གི་ལས་འགན་གཙོ་བོ་ཞིག་ཏུ་བཟུང་ཐོག་སློབ་གྲྭ་སོ་སོ་རྒྱལ་ཁབ་ཀྱི་སློབ་སྒྲུབ་ཚད་གཞི་དང་མཐུན་དུ་བཅུག་ནས་རྫོང་མངའ་ཁོངས་ཀྱི་སློབ་གྲྭའི་བར་གྱི་བར་ཁྱད་མངོན་གསལ་གྱིས་ཇེ་ཆུང་དུ་གཏོང་དགོས་ཞེས་བསྟན།ཚོགས་འདུ་ལས་འོས་འགན་སློབ་གསོ་དོ་མཉམ་ངང་གོང་དུ་སྤེལ་བ་གཏིང་ཟབ་ཏུ་ཡར་སྐུལ་བྱེད་པའི་སྐོར་གྱི་བསམ་འཆར་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ་དང་། གཤམ་གྱི་སྲིད་ཇུས་བྱེད་ཐབས་གཏན་འཁེལ་བྱས། དང་པོ། སྤུས་བཟང་སློབ་གསོའི་ཐོན་ཁུངས་མཉམ་དུ་བེད་སྤྱོད་པར་སྐུལ་འདེད་བྱེད་དགོས། སློབ་གྲྭ་མནའ་འབྲེལ་འཛུགས་པར་སྐུལ་ལྕག་དང་ཁ་གཏད་རོགས་སྐྱོར་དར་སྤེལ་བྱས་ནས་སློབ་གྲྭའི་སློབ་སྒྲུབ་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས། སློབ་གསོ་ཆ་འཕྲིན་ཅན་ཤུགས་ཆེན་པོས་སྐུལ་འདེད་བྱས་ཏེ་སྤྱི་ཚོགས་སློབ་གསོའི་ཐོན་ཁུངས་བེད་སྤྱོད་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས། གཉིས་པ། སློབ་སྒྲུབ་ཐོན་ཁུངས་དོ་མཉམ་ངང་བཀོད་སྒྲིག་བྱེད་དགོས། ནོར་སྲིད་ཀྱིས་ཞིང་སྡེ་ས་ཁུལ་དང་དབུལ་ཕོངས་ས་ཁུལ་དེ་མིན་ཞན་ཆ་ལྡན་པའི་ལྷུ་ཚིགས་ལ་གཏོང་ཤུགས་ཇེ་མང་གཏོང་བ། ཞིང་ཆེན་རིམ་པའི་སྲིད་གཞུང་སོ་སོས་ཞིང་སྡེའི་སློབ་གྲྭ་ཆུང་འབྲིང་ལ་དཔེ་ཆ་དང་སློབ་ཁྲིད་ཚོད་ལྟའི་ཡོ་བྱད་དང་སྒྲིག་ཆས། གླུ་དབྱངས་དང་རྩལ་སྦྱང་གི་ཡོ་བྱད་འདང་ཚིམ་དུ་བསྒྲིགས་དགོས་པ་དང་། སློབ་མའི་ཉལ་ཁང་དང་ཟ་ཁང་སོགས་འཚོ་བའི་སྒྲིག་ཆས་ཇེ་བཟང་དུ་གཏོང་དགོས། གསུམ་པ། དགེ་རྒན་ཐོན་ཁུངས་དོ་མཉམ་དུ་བཀོད་བསྒྲིགས་བྱེད་དགོས།

  • ལེ་ཚན་སྔོན་མ།:གཞིས་ཀ་རྩེ་ས་ཁུལ་གྱི་སྒྱུ་རྩལ་ཐོན་རྫས་ཀྱི་ལས་རིགས་མཐུན་ཚོགས་བཙུགས་པ།
  • ལེ་ཚན་རྗེས་མ།:རྩོམ་པ་པོ་བཀྲ་བྷར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་གྱི་༼རྟ་མཆོག༽བྱ་དགའ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།