ཅ་ཆིན་ལིན་གྱིས་ཀན་སུའུ་རུ་བྱ་བར་རྟོག་ཞིབ་མཛད་པ།

    ཀྲུང་དབྱང་བརྙན་འཕྲིན་དྲ་བ།    2012-08-30

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ།རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན་གྱིས་ཉེ་ཆར་ཀན་སུའུ་རུ་བྱ་བར་རྟོག་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་གཙོ་བོའི་ཆེད་དོན་དཔྱད་བསྡུར་འཛིན་གྲྭའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱིས་ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་གཏིང་ཟབ་སྒོས་ལག་ལེན་དུ་བསྟར་བའི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་དང་མི་དམངས་སྲིད་གྲོས་ཀྱི་དགེ་མཚན་འདོན་སྤེལ་བཟང་བོ་བྱེད་དགོས་པ་དང་། བརྗོད་གཞི་དང་དམ་དུ་སྦྲེལ་བ། འཕེལ་སྟངས་བསྒྱུར་བ་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་། ངེས་པ་དོན་གྱིས་དམངས་འཚོ་ཐད་ལ་ཕན་པའི་བྱ་བ་མང་དུ་བསྒྲུབས་པ།   དཔལ་འབྱོར་ཡུན་རིང་དང་བརྟན་འཇགས། ཅུང་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བ་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བར་ཡར་སྐུལ་བཏང་ནས་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས་ཟེར།
ཟླ་བརྒྱད་པའི་ཚེས་ཉེར་བཞི་ཉིན་ནས་ཚེས་ཉེར་དགུ་ཉིན་བར། ཅ་ཆིན་ལིན་སྔ་རྗེས་སུ་ཅིག་ཆོན་དང་ཅ་ཡུས་ཀོན། ཀྲང་ཡེ། ལན་གྲུ་སོགས་ས་ཆར་ཕེབས་ནས་བཟོ་གྲྭ་དང་ཁེ་ལས། ཚན་རྩལ་གླིང་། ཞིང་སྡེ། ཞང་དང་གྲོང་རྡལ་བཅས་སུ་ལས་བྱེད་མང་ཚོགས་དང་མཉམ་དུ་བཅོས་བསྒྱུར་འཕེལ་རྒྱས་ཀྱི་ཇུས་གཞི་ཆེན་མོར་གྲོས་མོལ་བྱས།
ཅ་ཆིན་ལིན་གྱིས་ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་འཕེལ་སྟངས་མྱུར་དུ་བསྒྱུར་བ་དང་། དཔལ་འབྱོར་བརྟན་ཞིང་ཅུང་མྱུར་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བ་ལ་ཐུགས་ཁུར་གནང་གིན་ཡོད། ཅ་ཆིན་ལིན་གྱིས་བསྟན་དོན། དེང་སྐབས་རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་སྤྱི་ཁོག་ནས་བརྟན་འཇགས་ཡིན་ལ། ཡིན་ནའང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་འཕྲད་པའི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་སྔར་བཞིན་ཛ་དྲག་ཆེ། བསམ་བློ་དང་འགུལ་སྐྱོད་ངེས་པ་དོན་གྱིས་ཀྲུང་དབྱང་གི་དབྱེ་ཞིབ་ཐག་གཅོད་དང་བྱ་བའི་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་དགོས་ལ། བརྟན་འཇགས་ངང་འཕར་སྣོན་ཡོང་བ་གོ་གནས་སྔར་ལས་གལ་ཆེན་དུ་བཞག་ནས་ཧུར་ཐག་སྒོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་གི་དམིགས་འབེན་མངོན་འགྱུར་འབྱུང་དགོས། ཞིང་བར་ཕན་པའི་སྲིད་ཇུས་ཀྱི་སྟོབས་ཤུགས་ཇེ་ཆེར་བཏང་ནས་ཆུ་གྲོན་ཆུང་བྱེད་པའི་ཞིང་ལས་མྱུར་དུ་རྒྱ་བསྐྱེད་ནས་ཐུན་མིན་དགེ་མཚན་ལྡན་པའི་ཞིང་ལས་མངོན་གསལ་སྒོས་འཕེལ་རྒྱས་སུ་བཏང་སྟེ། ཞིང་ལས་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བ་དང་ཞིང་བའི་རྒྱུན་མཐུད་འཕར་སྣོན་ཡོང་བར་ཡར་སྐུལ་གཏོང་དགོས། ཐོན་ལས་གྲུབ་ཚུལ་ལེགས་སྒྱུར་ལ་སྐུལ་འདེད་བཏང་ནས་སྲོལ་རྒྱུན་ཐོན་ལས་མགྱོགས་མྱུར་སྒོས་བསྒྱུར་བཀོད་དང་མཐོར་འདེགས་སུ་བཏང་སྟེ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་ཡུལ་སྐོར་ཐོན་ལས་ནུས་པ་ཡོད་རྒུས་འཕེལ་རྒྱས་སུ་གཏོང་བ་དང་། ངེས་པ་དོན་གྱིས་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ཇེ་མགྱོགས་སུ་བཏང་སྟེ། བྱེ་འགོག་བཅོས་སྐྱོང་གི་བྱ་བ་ལེགས་པོར་སྒྲུབ་ནས་འཁོར་རྒྱུག་དཔལ་འབྱོར་སྐྱེད་སྲིང་ཇེ་ཆེར་དང་། ལྗང་མདོག་འཕེལ་རྒྱས་དང་འཁོར་སྐྱོད་འཕེལ་རྒྱས། ཐན་ཉུང་འཕེལ་རྒྱས་བཅས་ནུས་པ་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་དང་མི་དམངས་ལ་ཐོན་སྐྱེད་འཚོ་བའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས། ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་ལ་བརྟེན་ནས་ཧུར་ཐག་སྒོས་རིག་གནས་འཛུགས་སྐྲུན་དང་དཔལ་འབྱོར་འཛུགས་སྐྲུན་གྱིས་ཕན་ཚུན་ཡར་སྐུལ་བྱས་ནས་མཐུན་སྦྱོར་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་བཟང་བོ་ཞིག་ཆགས་སུ་འཇུག་དགོས་ཟེར།
རིགས་སོ་སོའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གནས་ཚུལ་ཅི་འདྲ་ཡིན་པར་ཅ་ཆིན་ལིན་གྱིས་ཐུགས་ཁུར་གནང་གིན་ཡོད། ཅ་ཆིན་ལིན་གྱིས་ནན་གྱིས་བསྟན་དོན། དམངས་འཚོ་འགན་སྲུང་དང་ལེགས་སྒྱུར་བྱེད་པ་ནི་ང་ཚོའི་བྱ་བ་ཡོངས་ཀྱི་མགོ་རྩོམ་ས་དང་རྐང་ཚུགས་ས་ཡིན་ལ། རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་རྩ་གནད་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། མུ་འབྲེལ་དབུལ་ཕོངས་ས་ཁུལ་འཐབ་ར་གཙོ་བོར་བཟུང་སྟེ། ཁྱད་པར་གྱི་དམངས་ཕྱུག་ཐོན་ལས་ནུས་པ་ཆེན་པོས་འཕེལ་རྒྱས་སུ་གཏོང་དགོས་པ་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ངེས་པ་དོན་གྱིས་ཇེ་མགྱོགས་སུ་བཏང་ནས་དབུལ་སྐྱོར་གསར་སྤེལ་དང་སྤྱི་ཚོགས་འགན་སྲུང་གཉིས་ཀ་མཉམ་དུ་འཛིན་པ་རྒྱུན་འཁྱོངས་བྱེད་དགོས་ལ། དབུལ་ཕོངས་ས་ཁུལ་གྱི་ལས་བྱེད་དང་མང་ཚོགས་ཀྱི་གཙོ་ཤུགས་ནུས་པ་འདོན་སྤེལ་ལེགས་པོ་བྱས་ཏེ། དབུལ་སྐྱོར་གསར་སྤེལ་དམིགས་འབེན་དུས་ལྟར་འགྲུབ་པ་ཁག་ཐེག་བྱེད་དགོས། མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་བརྩོན་དང་ཐུན་མོང་དར་རྒྱས་སུ་འགྲོ་བའི་བརྗོད་གཞི་དམ་འཛིན་བྱས་ཏེ། མི་རིགས་མཐུན་སྒྲིལ་གོང་འཕེལ་གྱི་དྲིལ་སྒྲོག་སློབ་གསོ་དང་གཟེངས་བསྟོད་བྱ་འགུལ་རྒྱ་ཆེར་སྤེལ་ནས་གྲངས་ཉུང་མི་རིགས་དང་མི་རིགས་རང་སྐྱོང་ས་ཁུལ་གྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱ་དགོས་པ་དང་། མི་རིགས་ས་ཁུལ་གྱི་འཕེལ་སྟོབས་དང་རང་བདག་འཕེལ་རྒྱས་ནུས་པ་ཇེ་དྲག་ཏུ་བཏང་ནས་མི་རིགས་སོ་སོས་བསམ་པ་གཅིག་སྒྲིལ་གྱིས་དཀའ་ངལ་སེལ་བ་དང་འགྲིག་མཐུན་མཉམ་གནས་དང་། འཆམ་མཐུན་འཕེལ་རྒྱས་བཅས་ཡོང་བར་ཡར་སྐུལ་གཏོང་དགོས། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པར་ཤུགས་བསྐྱེད་དགོས་ཟེར།
ཀན་སུའུ་ཞིང་ཆེན་གྱི་སྲིད་གྲོས་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་ཁུངས་ཀྱི་ལས་བྱེད་པ་དང་དམངས་གཙོ་ཏང་ཁག་སོ་སོ། བཟོ་ཚོང་མཉམ་འབྲེལ་བཅས་ཀྱི་འགན་ཁུར་བར་གཟིགས་སྐོར་རྒྱག་སྐབས་ཅ་ཆིན་ལིན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འཐབ་ཕྱོགས་གཅིག་གྱུར་དང་མི་དམངས་སྲིད་གྲོས་ཀྱི་བྱ་བར་མུ་མཐུད་དུ་དོ་ཁུར་དང་རྒྱབ་སྐྱོར་བྱེད་དགོས་ལ། འཐབ་ཕྱོགས་གཅིག་གྱུར་དང་སྲིད་གྲོས་བྱ་བར་གཙིགས་ཆེན་བྱེད་པའི་སྟེང་ནུས་ཤུགས་ཆེར་བསྐྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་དང་སྲིད་གྲོས་ཀྱི་སྲིད་ཇུས་ལག་ལེན་དུ་བསྟར་བའི་སྟེང་ཐོལ་བརྒལ་ཆེན་པོ་ཡོད་དགོས་པ་དང་། འཐབ་ཕྱོགས་གཅིག་གྱུར་དང་སྲིད་གྲོས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པའི་སྟེང་བསམ་ཕྱོགས་སྔར་ལས་བཟང་བོ་ཡོད་དགོས། འཐབ་ཕྱོགས་གཅིག་གྱུར་དང་སྲིད་གྲོས་ཀྱི་དཀའ་གནད་ཐག་གཅོད་པའི་སྟེང་བྱེད་ཐབས་སྔར་ལས་མང་པོ་ཡོད་དགོས་པ་དང་། ངེས་པ་དོན་གྱིས་འཐབ་ཕྱོགས་གཅིག་གྱུར་གྱི་སྟེགས་བུ་འདི་བེད་སྤྱོད་བཟང་བོ་བྱས་ནས་མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས་ཟེར།

རྟོག་ཞིབ་མཛད་སྐབས་ཅ་ཆིན་ལིན་གྱིས་ཀན་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་གསན། ཉེ་བའི་ལོ་འགའི་རིང་ཀན་སུའུ་ཡིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། 

  • ལེ་ཚན་སྔོན་མ།:ཝུན་ཅ་པའོ་ཡིས་ཨེ་ཅིབ་ཀྱི་ཙུང་ཐུང་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:ནུབ་བྱང་མི་རིགས་རིག་པའི་གླེང་སྟེགས་ལན་གྲུ་སློབ་ཆེན་དུ་ཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།