ཧི་གོ་ཆང་གིས་སེབ་རུ་སིའི་མགྲོན་པོར་མཇལ་འཕྲད་གནང་།

སྐལ་བཟང་སྐྱིད།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-08-23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧི་གོ་ཆང་གིས་ཚེས21ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུའུ་ཞི་ཉེ་ཁི་སི་ཨ་ན་སི་ཐ་ཞེ་ཡ་ཏེ་སི་ནི་ཚོགས་གཙོ་ཡིན་པའི་སེབ་རུ་སིའི་དམངས་གཙོ་ཚོགས་ཆེན་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཧི་གོ་ཆང་གིས་ཀྲུང་གོ་དང་སེབ་རུ་སིའི་བར་ལ་ཕྱི་འབྲེལ་བཙུགས་པའི་ཚུན་དུ།རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་བྱུང་སྟེ།ཆབ་སྲིད་ཀྱི་ཐད་ནས་ཕན་ཚུན་ལ་ཡིད་ཆེས་བྱེད་པ་དང་དཔལ་འབྱོར་ཐད་ནས་ཕྱོགས་གཉི་ཀར་ཕན་པ་ཡོད་པར་བྱས་ཏེ།རྒྱལ་སྤྱིའི་ལས་དོན་ཁྲོད་དུ་གཞོགས་འདེགས་དམ་པོ་བྱས།དེང་སྐབས་ཀྱི་རྒྱལ་སྤྱིའི་གནས་བབ་ལ་སྔར་བཞིན་དུ་འགྱུར་ལྡོག་ཆེན་པོ་བྱུང་དང་འབྱུང་བཞིན་པའི་རྒྱབ་ལྗོངས་འོག རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བ་ནི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་མཐུན།ཀྲུང་གོས་སེབ་རུ་སི་ཕྱོགས་དང་མཉམ་དུ་ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་དང་འབྱོར་ཚོང་མཉམ་ལས་དང་དངུལ་གཏོང་སྔར་ལས་རྒྱ་ཆེ་རུ་བསྐྱེད་པ།དེ་མིན་མི་ཚུལ་དང་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་ཡར་སྐུལ་བཅས་བྱས་ཏེ།རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་ཀྱིས་ཕྱུག་པར་བྱས་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས།

ཏང་རིམ་པའི་བར་གྱི་འབྲེལ་བ་གླེང་སྐབས།ཧི་གོ་ཆང་གིས་ཀྲུང་གོ་གུང་ཁྲན་ཏང་དང་སེབ་རུ་སིའི་དམངས་གཙོ་ཚོགས་ཆེན་ཏང་གིས་རང་བཙན་རང་བདག་དང་ངེས་པ་དོན་གྱིས་འདྲ་མཉམ་ཡིན་པ།ཕན་ཚུན་ལ་བརྩི་འཇོག་བྱེད་པ།ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ་བཅས་ཏང་རིམ་པའི་འགྲོ་འོང་གི་རྩ་དོན་བཞི་བརྩི་སྲུང་བྱས་པར་བརྟེན།རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་བྱུང་ནས་འབྲེལ་འདྲིས་དང་མཉམ་ལས་ཉིན་རེ་བཞིན་ཇེ་མང་དུ་སོང་ཡོད་ཅིང་།དེ་བས་ཀྲུང་གོ་གུང་ཁྲན་ཏང་གིས་དམངས་གཙོ་ཚོགས་ཆེན་ཏང་བར་གྱི་མཛའ་མཐུན་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་བརྗེ་རེས་བྱས་ཏེ།རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་གཏན་འཇགས་བདེ་བླག་བཅས་ཀྱི་ངང་ནས་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས།

ཧི་གོ་ཆང་གིས་ད་དུང་མགྲོན་པོ་རྣམས་ལ་ཀྲུང་གོའི་དེང་སྐབས་ཀྱི་རྒྱལ་ནང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱུང་བའི་གནས་ཚུལ་དང་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་གྲ་སྒྲིག་བྱས་པའི་སྐོར་ནས་མཚམས་སྦྱོར་མདོར་བསྡུས་བྱས།

ཨ་ན་སི་ཐ་ཞེ་ཡ་ཏི་སི་ཡིས་རྒྱལ་ཁབ་གཉིས་དང་ཏང་ཁག་གཉིས་ཀྱི་འབྲེལ་བར་གདེང་འཇོག་ཚད་མེད་བྱས་ཏེ།ཁོས་སེབ་རུ་སི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་མང་པོའི་མཉམ་ལས་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་དང་ཏང་རིམ་པའི་འབྲེལ་འདྲིས་བརྗེ་རེས་ཇེ་ཟབ་ཏུ་བཏང་སྟེ།ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་འཕེལ་རྒྱས་འབྱུང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་ཡིན་ཟེར།ཁོས་སེབ་རུ་སིས་སྔར་མུས་བཞིན་ཀྲུང་གོ་གཅིག་གི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་ཆབས་ཅིག་ཀྲུང་གོའི་ཏང་དང་སྲིད་གཞུང་གིས་སེབ་རུ་སིའི་གནད་དོན་ཐད་ལ་རྒྱབ་སྐྱོར་བླ་མེད་གནང་བར་བཀའ་དྲིན་ཞུ་བ་ཡིན་ཟེར། །

  • ལེ་ཚན་སྔོན་མ།:བོད་རིགས་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ལགས་ཕྱིར་ཕ་ཡུལ་དུ་ལོག་པ།
  • ལེ་ཚན་རྗེས་མ།:མཚོ་སྔོན་གྱིས་མ་དངུལ་སྒོར་ཁྲི800བཏང་ནས་མཚོ་སྔོན་པོ་མཐའ་འཁོར་གྱི་ཤང་སྡེའི་གནས་སྐོར་གསར་འཛུགས་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།