བོད་རིགས་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ལགས་ཕྱིར་ཕ་ཡུལ་དུ་ལོག་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2012-08-23

བོད་རིགས་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ལགས་ཕྱིར་ཕ་ཡུལ་དུ་ལོག་པ།
བོད་རིགས་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ལགས་ཕྱིར་ཕ་ཡུལ་དུ་ལོག་པ།བོད་རིགས་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ལགས་ཕྱིར་ཕ་ཡུལ་དུ་ལོག་པ།



ཆོས་དབྱིངས་སྐྱིད་ལགས་དང་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ཅན་མིན་ལགས་སོགས་མཉམ་དུ་པར་བསྐྱོན་པ།

  ཟླ8པའི་ཚེས18ཉིན། ལུན་ཏུན་ཨོ་རྩལ་འགྲན་ཚོགས་ཀྱི་སྤྱི་ལེ20ཡི་མགྱོགས་འགྲོས་འགྲན་སྡུར་ཁྲོད་ཟངས་ཀྱི་རྟགས་མ་ལེན་མཁན་ནམ་གླིང་ཆེན་ཨེ་ཤ་ཡའི་ཟིན་ཐོ་ལས་བརྒལ་བའི་བོད་རིགས་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལགས་ཕྱིར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ལོག་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ཅན་མིན་གྱིས་ཞིང་ཆེན་ཏང་ཨུ་དང་ཏང་སྲིད་གཞུང་གི་ཚབ་བྱས་ཏེ་གནམ་གྲུ་ཐང་དུ་བསུ་བ་བྱས་པ་རེད།
  ཉིན་དེའི་ཕྱི་དྲོར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཆཱང་ཝེ་ལགས་དང་ཧྲིན་ཀྲང་ལའོ་ཧེ་ཉིན་ལགས་གཉིས་ཀྱིས་ཁོ་མོར་ཐུགས་འཕྲད་གནང་ནས་ལུན་ཏུན་ཨོ་རྩལ་འགྲན་ཚོགས་སྟེང་འབྲས་བུ་མཆོག་ཏུ་གྱུར་བ་བླངས་པར་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག  ཆོས་དབྱིངས་སྐྱིད་ལགས་དང་ཁོ་མོའི་རྩལ་ཁྲིད་དགེ་རྒན་ཡོན་ཏི་ཅུག་ལགས་ལ་མཚོ་སྔོན་ཞིང་ཆེན་གྱི་སྔོན་ཐོན་ལས་བྱེད་པའི་མཚན་སྙན་གནང་བ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན་རྒྱལ་ཁབ་ལུས་རྩལ་སྤྱི་ཅུའུ་ཡིས་ཆོས་དབྱིངས་སྐྱིད་ལགས་ཀྱིས་ལུས་རྩལ་ཐད་ལ་མཛད་རྗེས་བླ་ན་མེད་པ་བཞག་པར་གཟེངས་བསྟོད་བྱེད་ཆེད་ལུས་རྩལ་སྦྱོང་བརྡར་གྱི་གཟེངས་རྟགས་རིམ་པ་དང་པོ་གནང་བ་རེད།

  • ལེ་ཚན་སྔོན་མ།:༼འཇུ་སྐལ་བཟང་གི་སྙན་ངག༽ཅེས་པ་པར་བསྐྲུན་འགྲེམ་སྤེལ་བྱས།
  • ལེ་ཚན་རྗེས་མ།:ཧི་གོ་ཆང་གིས་སེབ་རུ་སིའི་མགྲོན་པོར་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།