༼འཇུ་སྐལ་བཟང་གི་སྙན་ངག༽ཅེས་པ་པར་བསྐྲུན་འགྲེམ་སྤེལ་བྱས།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2012-08-23

༼འཇུ་སྐལ་བཟང་གི་སྙན་ངག༽ཅེས་པ་པར་བསྐྲུན་འགྲེམ་སྤེལ་བྱས།





《འཇུ་སྐལ་བཟང་གི་སྙན་ངག》པར་བསྐྲུན་འགྲེམ་སྤེལ་བྱས་པ།

  ཉེ་སྔོན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་རིགས་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ནམ་རྩོམ་སྒྲིག་ཞུས་ཆེན་འཇུ་སྐལ་བཟང་ལགས་ཀྱི《འཇུ་སྐལ་བཟང་གི་སྙན་ངག》ཅེས་པ་ལུང་རིན་ཆེན་ལགས་ཀྱིས་བསྒྱུར་ནས་རྩོམ་པ་པོ་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས་པ་རེད།

  《འཇུ་སྐལ་བཟང་གི་སྙན་ངག》ཅེས་པའི་ནང་དུ་འཇུ་སྐལ་བཟང་ལགས་ཀྱི་བརྩམས་ཆོས77བདམས་སྒྲིག་བྱས་འདུག་ལ། སྙན་ངག་དེ་དག་ནི་ཁོང་གི་ཡུན་རིང་ལ་རྩོམ་རིག་གསར་རྩོམ་གྱི་ལས་ལ་གཞོལ་བའི་ཉིང་ཁུ་བཅུད་དུ་བསྡུས་ཤིང་། རྩོམ་རིག་ལ་བཅངས་པའི་ལྷག་སེམས་དང་ཕ་ས་ཕ་ཡུལ་ལ་ཕྱོགས་པའི་ཡིད་ཀྱི་དང་བ་ཁོང་དུ་རུམ་སྟེ་བརྩོན་པ་ལྷུར་ལེན་བྱེད་པ་ལས་བྱུང་བའི་བློ་གྲོས་ཀྱི་དྭངས་མ་ཞིག་ཏུ་ལགས།

  སྙན་ངག་བརྩམས་ཆོས་འདི་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མིའམ་མཚོ་སྔོན་ཞིང་ཆེན་མི་རིགས་རྩོམ་རིག་ལོ་ཙཱ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་བཞེས་པའི་ལུང་རིན་ཆེན་ལགས་ཀྱིས་རྒྱ་ཡིག་ཏུ་བསྒྱུར། དེབ་འདིས་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་མི་རིགས་རྩོམ་རིག་ལོ་ཙཱ་མཐུན་ཚོགས་ཀྱིས་རྒྱའི་སྐད་ཡིག་གི་རྩོམ་རིག་ཁྱབ་ཁོངས་སུ་མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་རྩོམ་པ་པོ་མཚམས་སྦྱོར་བྱེད་པའི་བྱུས་ཆེན་ཞིག་ཡིན་ཅིང་། དེ་ལ་བརྟེན་ནས་རིག་གནས་ཁྱབ་ཁོངས་སུ་རྩོམ་རིག་གི་ནུས་པ་འདོན་སྤེལ་བྱས་ཏེ་ཐུགས་བསམ་གཅིག་ཏུ་བརྡབས་པ་དང་ཕན་ཚུན་གྱི་རིག་གནས་འབྲེལ་འདྲིས་བརྒྱུད་ནས་བསམ་བློ་དང་ཤེས་རིག་བརྗེ་རེས་དང་། མི་རིགས་རིག་གནས་དར་སྤེལ་བྱེད་པ་ཡིན།
  རྒྱུས་ལོན་བྱུང་བ་ལྟར་ན2012ལོ་ནས《འབྲོང་རྟགས་ཅན་གྱི་རྩོམ་རིག་དཔེ་ཚོགས》པར་བསྐྲུན་བྱེད་མུས་ཡོད་ཅིང་། ལོ་ལྔའི་ནང་དུ་མཚོ་སྔོན་ཞིང་ཆེན་དུ་ཡོད་པའི་བོད་ཀྱི་ཕ་སྐད་རྩོམ་པ་པོའི་བརྩམས་ཆོས་ཁག20ལོ་ཙཱ་བྱེད་པ་དང་། ལོ་རེར་ཁག4རེ་པར་བསྐྲུན་འགྲེམ་སྤེལ་བྱེད་རྒྱུ་རེད།

  • ལེ་ཚན་སྔོན་མ།:པདྨ་ཚེ་བརྟན་ལགས་ཀྱི་སྒྲུང་ཚོགས《གྲོང་ཁྱེར་གྱི་འཚོ་བ》ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས་པ།
  • ལེ་ཚན་རྗེས་མ།:བོད་རིགས་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ལགས་ཕྱིར་ཕ་ཡུལ་དུ་ལོག་པ།
  • དོ་སྣང་ཆེ་བའི་རྩོམ།