པད་མ་ཚེ་བརྟན་གྱི་གློག་བརྙན་ཡོངས་རྫོགས་སྤྱན་འགྲེམ་གནང་བ།

    རིག་འབྱུང་དྲ་བ།    2012-08-22

པད་མ་ཚེ་བརྟན་གྱི་གློག་བརྙན་ཡོངས་རྫོགས་སྤྱན་འགྲེམ་གནང་བ།
 

 སྐབས40པའི་ཧྥ་རན་སིའི་ལ་རཱོ་ཞེར(La Rochelle)རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཉེ་སྔོན་མཇུག་བསྡུས་ཤིང་། ལོ་རྒྱུས་རྒྱུན་རིང་བའི་གློག་བརྙན་དུས་སྟོན་འདིས་ད་ལོར་རང་རེའི་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་ལ་དོ་སྣང་ཆེས་ཆེར་གནང་འདུག “གསར་རྙེད”ལེ་ཚན་དུ། «རྩྭ་ཐང»«ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ»«འཚོལ»«ཁྱི་རྒན»བཅས་པད་མ་ཚེ་བརྟན་གྱི་གློག་བརྙན་ཡོངས་རྫོགས་སྤྱན་འགྲེམ་གནང་ཞིང་། འགྲེམ་སྟོན་སྐབས་སུ། གློག་བརྙན་ཚང་མར་གཟིགས་མཁན་གྱི་ཚུར་སྣང་ཆེན་པོ་བྱུང་སྟེ་ལེགས་པར་གྲུབ།

པད་མ་ཚེ་བརྟན་གྱི་གློག་བརྙན་ཡོངས་རྫོགས་སྤྱན་འགྲེམ་གནང་བ།
    དགུང་ལོ87ལ་ཐོན་པའི་ཧྥ་རན་སིའི་གློག་བརྙན་མཁན་པོ་མེ་ཞེལ་ཕི་ཁོ་ལི(Michel Piccoli)ཡིས་པད་མ་ཚེ་བརྟན་གྱི་གློག་བརྙན་ཀུན་ལ་བལྟས་རྗེས། ཡིད་རབ་ཏུ་འཕྲོག་སྟེ་བརྩམས་ཆོས་འདི་དག་ཁྱད་པར་བ་ཏག་ཏག་རེད། ཁྱད་དུ་འཕགས་པར་འདུག་ཅེས་ཟེར་ཞིང་། ཁཱ་ན་གློག་བརྙན་དུས་སྟོན་གྱི་དཔྱད་འདེམས་པ་ཁོང་གིས་པད་མ་ཚེ་བརྟན་ལ། ཁྱེད་ཀྱི་བརྩམས་ཆོས་གསར་བར་མགྱོགས་པར་ལྟ་ཐུབ་པའི་རེ་བ་ཡོད། རེ་སྒུག་ཆེན་པོ་བྱེད་དོ་ཞེས་ཟེར། ད་རེབ་ཀྱི་འགྲེམ་སྟོན་དམིགས་བསལ་བ་འདིའི་དབང་གིས། གློག་བརྙན་དུས་སྟོན་གྱི་དེབ་ཆུང་དུའང་རྣམ་པ་ཁྱད་པར་བའི་ལམ་ནས་བོད་ཡིག་ངོ་སྤྲོད་གནང་བ་རེད།

པད་མ་ཚེ་བརྟན་གྱི་གློག་བརྙན་ཡོངས་རྫོགས་སྤྱན་འགྲེམ་གནང་བ།
   ལ་རཱོ་ཞེར(La Rochelle)རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནི1973ལོར་གསར་འཛུགས་གནང་པ་དང་། ལོ་རེའི་དབྱར་མགོ་ཚེས་དུས་བསྡུ་གིན་ཡོད་ཅིང་། འཛམ་གླིང་གི་གླིང་ཆེན་པོ་ལྔ་ཡི་གློག་བརྙན་འགྲན་བསྡུར་དུ་ཞུགས་ཀྱི་ཡོད། གློག་བརྙན་དུས་སྟོན་འདིའི་ཁྱད་ཆོས་ནི་བྱ་དགའི་རྣམ་གྲངས་སམ་དཔྱད་འདེམས་པ་གང་ཡང་མེད་པ་རེད་འདུག་ཅིང་། འཛམ་གླིང་གི་གློག་བརྙན་དུས་སྟོན་ཁག་ལས་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་ཡོད་དོ། །

པད་མ་ཚེ་བརྟན་གྱི་གློག་བརྙན་ཡོངས་རྫོགས་སྤྱན་འགྲེམ་གནང་བ།
   ལ་རཱོ་ཞེར(La Rochelle)གློག་བརྙན་དུས་སྟོན་ལ་འཆར་གཞི་ངེས་གཏན་ཞིག་མེད་པར། ས་ཁམས་དང་བརྗོད་གཞི་རྣམ་པ་སྣ་ཚོགས་ཡོད་དེ། གློག་བརྙན་དུས་སྟོན་གྱིས་རྒྱལ་ཁབ་སོ་སོའམ། ཡང་ན་འཁྲབ་ཁྲིད་པ་ཞིག་གི་གློག་བརྙན་ཁག་སྤྱན་འགྲེམ་བྱེད་པ་ལས་བཀོད་སྒྲིག་མི་བྱེད་པ་རེད། ད་ལོར་ཕྱོགས་ཡོངས་ནས་ཞིག་གསོ་བྱས་པའི་ཨིན་ཇིའི་བཞད་གར་འཁྲབ་ཁྲིད་མཁན་པོ(Charles Chaplin)སོགས་ཀྱི་བརྩམས་ཆོས་ཕུལ་བྱུང་དག་འགྲེམ་སྟོན་བྱས། །


 

  • ལེ་ཚན་སྔོན་མ།:2012ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་དུས་ཆེན།
  • ལེ་ཚན་རྗེས་མ།:སྐབས་དང་པོའི་ཀྲུང་གོའི་བོད་ཁུལ་རོལ་དབྱངས་ཀྱི་མཐོ་རིམ་གླེང་སྟེགས་ལྷ་ས་ནས་ཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།