ཚེ་རིང་རྒྱ་མཚོས་བསྒྱུར། 2012-08-22
འགྲན་ཞུགས་ལུས་རྩལ་པས་རྟ་རྩལ་མངོམ་བཞིན་པ།
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ལྷ་སའི་ཞོ་སྟོན་དུས་ཆེན་སྟེང་ཆེས་དགའ་བསུ་ཐོབ་པའི་བྱ་འགུལ་རྟ་རྩལ་འཁྲབ་སྟོན་ལྷ་སའི་བྱང་རྒྱུད་ཀྱི་རྟ་རྒྱུག་འགྲན་ར་རུ་སྤེལ་ཞིང་། འགྲན་བསྡུར་ཁྲོད་ཞུགས་པའི་ལུས་རྩལ་པ་རྣམས་ཀྱིས་རྟ་ཐོག་ནས་འཁྲབ་སྟོན་སྣ་ཚོགས་སྤེལ་བ་དང་། ལྟད་མོ་བས་ཡིད་དབང་བཀུག ཤེས་གསལ་བྱུང་བ་ལྟར་ན། སྲོལ་རྒྱུན་གྱི་ཞོ་སྟོན་དུས་ཆེན་སྟེང་གོས་སྐུ་བཤམས་པ་དང་། བོད་ཀྱི་ཟློས་གར་འཁྲབ་སྟོན་བྱེད་པ། མང་ཚོགས་ཀྱིས་གླིང་འཁོར་བྱེད་པ་བཅས་ནི་བརྗོད་བྱ་གཙོ་ཡིན་ལ། འོན་ཀྱང་རྟ་རྩལ་འཁྲབ་སྟོན་ནི་ལོ་རེའི་ཞོ་སྟོན་དུས་ཆེན་སྟེང་ཆེས་དགའ་བསུ་ཐོབ་པའི་རྣམ་གྲངས་ཞིག་ཡིན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10