ཀྲུང་གོའི་བོད་ལྗོངས་དྲ་བ། 2012-08-21
ཤེས་རྟོགས་བྱས་པར་གཞིགས་ན། སྐབས་དང་པོའི་བོད་ཁུལ་རོལ་དབྱངས་ཀྱི་མཐོ་རིམ་གླེང་སྟེགས་ཐོག་རྒྱལ་ནང་དང་ལྗོངས་ནང་ཁུལ་གྱི་གྲགས་ཅན་རོལ་དབྱངས་གསར་གཏོད་པ་དང་འཁྲབ་བསྟོན་པ། རོལ་དབྱངས་ཞིབ་འཇུག་པ། སློབ་གསོའི་ལས་དོན་པ་བཅས་གདན་དྲང་ནས་བོད་རིགས་ཀྱི་དམངས་གཞས་གཏོང་སྟངས་དང་བོད་རིགས་དམངས་གཞས་ཀྱི་ས་ཁོངས་དབྱེ་བ། བོད་རིགས་ཀྱི་གནའ་བོའི་ཁྱད་ལྡན་རོལ་དབྱངས་ཀྱི་ད་ལྟའི་གནས་ཚུལ་དང་རྒྱུན་འཛིན་བྱེད་པ། བོད་རིགས་ཀྱི་ཆོས་ལུགས་རོལ་དབྱངས་ཉམས་རོལ་དང་དབྱེ་ཞིབ་བྱེད་པ། བོད་ཁུལ་རོལ་དབྱངས་ཀྱི་སྒྱུ་རྩལ་རང་བཞིན་དང་ཆོས་ལུགས་རང་བཞིན། བོད་ཁུལ་རོལ་དབྱངས་ཁྱབ་གདལ་གཏོང་བ་བཅས་ལ་ཞིབ་བསྡུར་བྱེད་པ་སོགས་ཀྱི་བརྗོད་བྱ་གཙོ་བོ་དང་དམ་པོར་བསྟུན་ནས། བོད་རིགས་རོལ་དབྱངས་རྒྱུན་འཛིན་དང་སྔོགས་འདོན། སྲུང་སྐྱོབ། གོང་འཕེལ་བཅས་ཡོང་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་རྒྱུ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10