བོད་ཀྱི་ཤེས་ལྡན་མི་སྣའི་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་དམིགས་བསལ་གྱི་རྒྱབ་སྐྱོར་སྲིད་ཇུས་བཏོན།

        2012-08-20

ལྷ་ས་ནས་ཟླ8ཚེས10ཉིན་འབྱོར་བའི་གཏམ་གསར།  ཀྲུང་དབྱང་ཤེས་ལྡན་མི་སྣའི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གིས་ཟླ8ཚེས9ཉིན་ལྷ་སར་བོད་ཀྱི་ཤེས་ལྡན་མི་སྣའི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།      ཚོགས་འདུའི་ཐོག་དམིགས་བསལ་གྱི་རྒྱབ་སྐྱོར་སྲིད་ཇུས་དང་བྱེད་ཐབས་བཅས་བཏོན་ནས་ཞིབ་འཇུག་གཏན་འབེབས་བྱས་ཏེ་བོད་འཕེལ་རྒྱས་གཏོང་བར་དཀོན་ཞིང་མཁོ་ངེས་པའི་ཤེས་ལྡན་མི་སྣའི་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་སྔར་བས་མང་བ་ཞིག་བོད་དུ་བྱ་གཞག་གསར་གཏོད་བྱེད་པར་ཡོང་རྒྱུར་འགུགས་ཏེ་བོད་ཀྱི་ཤེས་ལྡན་མི་སྣ་གང་མྱུར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་མཆོང་རྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་ཕྱིར་ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་ལྡན་འདོན་དགོས་པ་རེད།
      ཚོགས་འདུའི་ཐོག《ཀྲུང་དབྱང་ཤེས་ལྡན་མི་སྣའི་ལས་དོན་སྒྲིག་སྦྱོར་ཚོགས་ཆུང་གི་རྒྱལ་ཁབ་ཀྱི་ཤེས་ལྡན་མི་སྣ་འཕེལ་རྒྱས་འཆར་འགོད་ཀྱི་ཤེས་ལྡན་མི་སྣ་གལ་ཆེན་གྱི་ལས་གྲྭས་བོད་ལ་གཙོ་གནད་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ་རེད།《བསམ་འཆར》ནང་རྒྱལ་ཁབ་ཀྱི་ཤེས་ལྡན་མི་སྣའི་འཕེལ་རྒྱས་འཆར་འགོད་ཀྱི་བཀོད་སྒྲིག་ལ་གཞིགས་ནས་ཤེས་ལྡན་མི་སྣའི་ལས་གྲྭའི་ཁྱད་ཆོས་མི་འདྲ་བ་གཞིར་བཟུང་སྟེ་བོད་ཀྱི་དོན་དངོས་དང་དམིགས་བསལ་དགོས་མཁོར་གཞིགས་ཏེ་ཆེད་དམིགས་བྱ་ཐབས་སྤྱད་ནས་བོད་ལ་གཙོ་གནད་རྒྱབ་སྐྱོར་བྱེད་དགོས་ཞེས་བཏོན་པ་རེད།
    《བསམ་འཆར》ནང་དུ་ཐག་རིང་ལུང་ཁུག་གི་ས་ཁུལ་དབུལ་པོ་དང་།མཐའ་མཚམས་མི་རིགས་ས་ཁུལ།གསར་བརྗེའི་རྟེན་གཞི་རྙིང་པ་བཅས་ཀྱི་ཤེས་ལྡན་མི་སྣ་རྒྱབ་སྐྱོར་འཆར་གཞི་དང་།ཕྱི་རྒྱལ་གྱི་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་འཆར་གཞི།སློབ་གྲྭ་ཆེན་མོའི་སློབ་ཐོན་སློབ་མ་གཞི་རིམ་དུ་གསོ་སྐྱོང་བྱེད་པའི་འཆར་གཞི་སོགས་ཤེས་ལྡན་མི་སྣའི་ལས་གྲྭ9ལ་དམིགས་ནས་ལོ་འཁོར་རམ་ཡང་ན་དུས་མཚམས་རང་བཞིན་གྱི་དམིགས་ཚད་དང་བྱ་ཐབས་ཁག་སོ་སོར་བཏོན་ཡོད་པ་རེད།དེ་མིན་གྱི་ཤེས་ལྡན་མི་སྣའི་ལས་གྲྭ་གལ་ཆེན་ཐད་ལ་མིང་གྲངས་བགོ་བཤའ་དང་།ཞིབ་དཔྱད་དཔྱད་བསྡུར་འདེམས་བསྐོ།འགྲོ་གྲོན་འགན་ལེན་སོགས་ཀྱི་ཕྱོགས་ནས་གཟིགས་སྐྱོང་བྱ་རྒྱུ་རེད།ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་ལས་དོན་དང་།འབུམ་རམས་པའི་ཞབས་ཞུའི་ཚོགས་པ།“ནུབ་རྒྱུད་འོད་སྣང”ཞེས་པའི་འཚམས་འདྲི་ཞུ་མཁན་མཁས་དབང་སོགས་ཀྱི་རྣམ་གྲངས་ལའང་རྒྱབ་སྐྱོར་བྱེད་པའི་གཞི་ཁྱོན་ཆེ་རུ་གཏོང་རྒྱུ་རེད།
     
 
  • ལེ་ཚན་སྔོན་མ།:ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི2270ཚང་མ་བདམས་ཐོན་བྱུང་།
  • ལེ་ཚན་རྗེས་མ།:སྐབས་དང་པོའི་ཀྲུང་གོའི་བོད་ཁུལ་རོལ་དབྱངས་ཀྱི་མཐོ་རིམ་གླེང་སྟེགས་ལྷ་སར་ཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།