ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི2270ཚང་མ་བདམས་ཐོན་བྱུང་།

(ལྷ་འཛོམས་ཀྱིས་བསྒྱུར།)        2012-08-20

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ8པའི་ཚེས14ཉིན་འབྱོར་བའི་གཏམ་གསར།གསར་འགོད་པས་ཚེས14ཉིན་སྤེལ་བའི་ཀྲུང་དབྱང་ཕྱི་འབྲེལ་པུའུ་ཡི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར་གཞིགས་ན།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་འདེམས་བསྐོ་བྱེད་པའི་ལས་ཀ་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ་རེད།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི2270དེ་རྒྱལ་ཡོངས་ཀྱི་ཏང་ཡོན་ཁྲི8000ལྷག་ཙམ་དང་གཞི་རིམ་གྱི་ཏང་རྩ་འཛུགས་ཁྲི400ལྷག་ཙམ་གྱིས་ངོ་སྤྲོད་དང་མིང་བཏོན་ཞིང་འདེམས་བསྲེས་ཐེངས་མང་བྱས་ནས་བདམས་ཐོན་བྱུང་བ་ཡིན་པ་རེད།
      ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་འདེམས་བསྐོ་ལས་ཀ་དེ་ཏང་ནང་དུ་དམངས་གཙོ་དར་སྤེལ་གཏོང་རྒྱུ་དེ་འདེམས་བསྐོ་ལས་ཀའི་སྤེལ་རིང་ཆ་ཚང་ནང་དུ་བརྒྱུད་པ་རེད།བསྡོམས་རྩིས་བྱས་པར་གཞིགས་ན།འདེམས་བསྐོ་སྡེ་ཚན་ཁག་གི་གཞི་རིམ་གྱི་ཏང་རྩ་འཛུགས་ཡོངས་རྫོགས་དེའི་ནང་ཞུགས་ཡོད།ཏང་ཡོན་ཞུགས་ཚད་བརྒྱ་ཆ98ཐོག་སླེབས་པ་དང་།ཚོགས་ཆེན་བཅོ་བརྒྱད་པའི་འདེམས་བསྐོ་ལས་ཀའི་ནང་གཞི་རིམ་ལས་གནས་ཨང་དང་པོར་གནས་པའི་ཏང་ཡོན་གཙོ་བོ་བདམ་དགོས་པར་བྱས་ནས་འཐུས་མི་སྒྲིག་གཞི་ལེགས་སྒྲིག་བྱ་རྒྱུར་དོ་སྣང་བྱས་པ་རེད།འདེམས་བསྐོ་ཡི་མཐའ་འབྲས་ལ་བལྟས་ན།བདམས་ཐོན་བྱུང་བའི་འཐུས་མི་ནང་ཏང་ཡོན་འགོ་ཁྲིད་པས་བརྒྱ་ཆ69.5ཟིན་པ་དང་ཚོགས་ཆེན་བཅུ་བདུན་པའི་སྐབས་དང་བསྡུར་ན་བརྒྱ་ཆའི་གྲངས་ཀ2.1མར་ཆག་ཅིང་།ཐོན་སྐྱེད་དང་ལས་གནས་ཨང་དང་པོའི་ཏང་ཡོན་བརྒྱ་ཆ30.5ཟིན་པ་དང་ཚོགས་ཆེན་བཅུ་བདུན་པ་ལས་བརྒྱ་ཆའི་གྲངས་ཀ2.1མཐོར་འདེགས་བྱུང་ཡོད།བཟོ་པའི་ཏང་ཡོན་དེ་ཚོགས་ཆེན་བཅུ་བདུན་པའི་སྐབས་ཀྱི་མི་གྲངས51ནས169ཐོག་སླེབས་ཤིང་(དེའི་ནང་ཞིང་པ་ཏང་ཡོན26འདུས་ཡོད།)བརྒྱ་ཆ7.4ཟིན་པ།བདམས་ཐོན་བྱུང་བའི་འཐུས་མིའི་ཆ་སྙོམས་ལོ་ཚད52ཡིན་པ་དང་དེའི་ནང་ལོ་ན35མན་ཆད་ཀྱིས་བརྒྱ་ཆ5ཟིན་པ་དང་ཚོགས་ཆེན་བཅུ་བདུན་པའི་སྐབས་ལས་བརྒྱ་ཆའི་གྲངས་ཀ1.9མཐོར་འདེགས་བྱུང་བ་རེད།
  • ལེ་ཚན་སྔོན་མ།:ཐེམ་ཆེན་རྫོང་གིས་ཡས་ཧེ་རྟགས་མའི་ལྒང་རྒྱག་འགྲན་བསྡུར་སྤེལ་བ།
  • ལེ་ཚན་རྗེས་མ།:བོད་ཀྱི་ཤེས་ལྡན་མི་སྣའི་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་དམིགས་བསལ་གྱི་རྒྱབ་སྐྱོར་སྲིད་ཇུས་བཏོན།
  • དོ་སྣང་ཆེ་བའི་རྩོམ།