ལྷ་ས་རུ་རིག་གནས་ཀྱི་ཞོ་སྟོན་དུས་ཆེན་སྤེལ་བཞིན་ཡོད་པ།

འབའ་ཚེ་སྨྱོན།    མཚོ་སྔོན་པོ་དྲ་བ།    2012-08-20

ལྷ་ས་རུ་རིག་གནས་ཀྱི་ཞོ་སྟོན་དུས་ཆེན་སྤེལ་བཞིན་ཡོད་པ།
ཞོ་སྟོན་དུས་ཆེན་སྐབས་སུ་གོས་སྐུ་བཤམས་པ།

         ལྷ་སའི་ཞོ་སྟོན་དུས་ཆེན་ནི་བོད་ལྗོངས་ཀྱི་དུས་ཆེན་ནང་ཆེས་གཟབ་རྒྱས་དང་ཆེས་རྒྱ་ཆེ་བ། ནང་དོན་ཆེས་ཕུན་སུམ་ཚོགས་པའི་དུས་ཆེན་གྲས་ཀྱི་གཅིག་ཡིན་ལ། དེར་བོད་བྲོའི་དུས་ཆེན་དང་གོས་སྐུ་བྱམས་པའི་དུས་ཆེན་ཡང་ཟེར།
          ད་ལོའི་ལྷ་སའི་ཞོ་སྟོན་དུས་ཆེན་ཡང་སྤྱི་ཟླ8པའི་ཚེས17ཉིན་གཟབ་རྒྱས་ངང་བསྡུ་བ་རེད། དད་ལྡན་མང་ཚོགས་དང་གནས་སྐོར་བ་ཚོས་འོ་ཞོ་འཐུང་བ་དང་གོས་སྐུ་བྱམས་པར་མཇལ་བ། བོད་བྲོ་ལ་རོལ་མྱོང་བྱེད་པ་བཅས་ཀྱིས་ལྷ་ས་ནི་གླུ་གར་གྱི་རྒྱ་མཚོ་དང་གངས་ལྗོངས་རིག་གནས་མངོན་བྱེད་ཀྱི་སྟགས་བུ་ཤ་སྟག་ཏུ་སྣང་།
         དད་ལྡན་མང་ཚོགས་དང་ལྗོངས་རྒྱུ་བ་ཚོས་ཞོགས་པའི་ཆུ་ཚོས་བཞིའམ་ལྔའི་སྟེང་རང་འགུལ་གྱིས་འབྲས་སྤུངས་དགོན་དང་སེ་ར་དགོན་དུ་འཛོམས་ཏེ་དེར་གོས་སྐུ་བྱམས་པར་མཇལ་གྱི་ཡོད། རགས་རྩིས་བྱས་པ་ལྟར་ན་ད་ལོའི་མཇལ་བ་དང་གཟིགས་མོ་བའི་གྲངས་ཀ་དེ་ཁྲི་འགའ་ལ་བསླེབས་ཡོད་པ་རེད།
         འབྲེལ་ཡོད་མི་སྣས་མཚམས་སྦྱོར་བྱས་པར་གཞིགས་ན། ད་ལོའི་ལྷ་སའི་ཞོ་སྟོན་དེ་སྐབས་སྔོན་མ་དག་དང་མི་འདྲ་བའི་ཆ་མང་པོ་ཡོད་ལ།  དེ་ཡང་ཆེས་མངོན་ཆོག་པ་ཞིག་ལ་ད་ལོར་ཁ་བྱང་ལ་བདེ་སྐྱིད་ཀྱི་ལྷ་ས། རིག་གནས་ཀྱི་ཞོ་སྟོན་ཞེས་པའི་བརྗོད་དོན་གཏན་ཁེལ་ཟིན་ལ། དེ་ལས་རིག་གནས་ཀྱི་ཞོ་སྟོན་ཞེས་རྒྱུན་རིང་བའི་ཞོ་སྟོན་ལོ་རྒྱུས་ལ་ཏན་རྟགས་བཀོད་ཡོད་ཅིང་།  མི་རིགས་རིག་གནས་ཀྱི་ནང་སྙིང་ལས་བདེ་སྐྱིད་ཀྱི་ལྷ་སའི་མཛེས་པ་དེའང་ཀུན་གྱི་སེམས་སུ་བླུགས་ཡོད། དེ་མིན་རྒྱུན་རིང་གི་བོད་ལྗོངས་ལོ་རྒྱུས་དང་འོད་སྟོང་འབར་བའི་རིག་གནས། ཕུན་སུམ་ཚོགས་པའི་འཛམ་གླིང་ཤུལ་བཞག་རིག་གནས། ཉོ་ཚོང་གྲོས་བསྡུར། ལྗོངས་རྒྱུ་བཅས་ཀྱི་བྱ་འགུལ་ཐ་དག་གཞི་གཅིག་ཏུ་སྦྲེལ་ཏེ་བོད་ལྗོངས་ལ་ཞི་བས་བཅིངས་གྲོལ་ཐོབ་རྗེས་ཀྱི་གྲུབ་འབྲས་བླ་ལྷག་དེ་མངོན་པར་མཚོན་ཡོད། 

  • ལེ་ཚན་སྔོན་མ།:ཝུན་ཅ་པའོ་ཡིས་ཁོ་སི་ཐ་རི་ཁ་ཡི་ཙུང་ཐུང་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:ཐེམ་ཆེན་རྫོང་གིས་ཡས་ཧེ་རྟགས་མའི་ལྒང་རྒྱག་འགྲན་བསྡུར་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།