ཝུན་ཅ་པའོ་ཡིས་ཁོ་སི་ཐ་རི་ཁ་ཡི་ཙུང་ཐུང་ལ་མཇལ་འཕྲད་གནང་བ།

ཚེ་དབང་རྣམ་རྒྱལ།    ཀྲུང་དབྱང་བརྙན་འཕྲིན་དྲ་བ།    2012-08-20

ཝུན་ཅ་པའོ་ཡིས་ཁོ་སི་ཐ་རི་ཁ་ཡི་ཙུང་ཐུང་ལ་མཇལ་འཕྲད་གནང་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཚེས་བཅུ་བདུན་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཁོ་སི་ཐ་རི་ཁ་ཡི་ཙུང་ཐུང་ཆིན་ཆི་ལེ་ཡ་ལ་མཇལ་འཕྲད་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཚེས་བཅུ་བདུན་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཁོ་སི་ཐ་རི་ཁ་ཡི་ཙུང་ཐུང་ཆིན་ཆི་ལེ་ཡ་ལ་མཇལ་འཕྲད་གནང་།

ཝུན་ཅ་པའོ་ཡིས་གསུངས་དོན། ཀྲུང་གོ་དང་ཁོ་སི་ཐ་རི་ཁའི་བར་འབྲེལ་བ་བཙུགས་ནས་ལོ་ལྔའི་རིང་ལ་ཕྱོགས་གཉིས་ཀས་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་དང་ས་གནས་རྙོག་འཛིང་གི་གནས་བབ་འགྱུར་ལྡོག་གི་ཉམས་སད་ཐེག་ནས་ཁྱབ་ཁོངས་སོ་སོ་རུ་འཕེལ་རྒྱས་ཆེན་པོ་བླངས་ཏེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་ཁེ་བསྐྲུན་པ་མ་ཟད། ཀྲུང་གོ་དང་མེ་གླིང་དབུས་མའི་ས་ཁུལ་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཡར་སྐུལ་བྱས་པ་དང་། ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་སྟེང་བཙུགས་པའི་ཀྲུང་གོ་དང་ཁོ་སི་ཐ་རི་ཁའི་འབྲེལ་བར་མདུན་ལྗོངས་རྒྱ་ཆེན་པོ་ལྡན་པ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།

ཝུན་ཅ་པའོ་ཡིས་བསྟན་དོན། ཀྲུང་གོས་ཁོ་སི་ཐ་རི་ཁ་དང་མཉམ་དུ་གྲོས་མཐུན་བྱུང་བའི་མཉམ་ལས་གྲོས་ཆོད་སོ་སོ་དངོས་འབེབས་བྱས་ཏེ་འབྲེལ་ཡོད་སྒྲིག་ལུགས་དང་བཅའ་ཁྲིམས་སྒྲོམ་གཞི་འཐུས་ཚང་དང་རྒྱལ་ཁབ་གཉིས་ཀྱི་རང་དབང་ཉོ་ཚོང་ཆོད་དོན་གང་ལེགས་སྒོས་བེད་སྤྱད་ནས་ཁོ་སི་ཐ་རི་ཁ་ཡི་ནང་འདྲེན་ཇེ་མང་དུ་བཏང་ཞིང་ཉོ་ཚོང་སྣ་མང་ཅན་དུ་གོང་སྤེལ་དང་ཕན་ཚུན་ལ་མ་དངུལ་གཏོང་བ་རྒྱ་བསྐྱེད་པ། འགྲིམ་འགྲུལ་དང་གློག་ཤུགས་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ཐད་ནས་མཉམ་ལས་བྱེད་སྟངས་དང་ཐབས་ལམ་ལ་གྲོས་ཞིབ་བྱེད་པ། སློབ་གསོ་དང་ཚན་རྩལ། རིག་གནས་བརྗེ་རེས་བྱེད་པར་ཤུགས་སྣོན་འདོད་ཡོད་ཟེར།

ཝུན་ཅ་པའོ་ཡིས་ཁོ་སི་ཐ་རི་ཁ་ཡིས་ཀྲུང་གོས་ལ་ཏེན་མེ་གླིང་དང་ཅ་ལི་པེ་རྒྱལ་ཁབ་ཐུན་མོང་བར་གྲོས་མོལ་དང་མཉམ་ལས་བྱེད་པར་ཧུར་ཐག་གིས་རྒྱབ་སྐྱོར་བྱས་པར་གཟེངས་བསྟོད་བྱེད་ཀྱིན་ཡོད་ལ། ཀྲུང་གོས་ཁོ་སི་ཐ་རི་ཁ་ཕྱོགས་ལ་འབྲེལ་འདྲིས་དང་མཉམ་འབྲེལ་བྱས་ནས་ཀྲུང་གོ་དང་ཁོ་སི་ཐ་རི་ཁའི་འབྲེལ་བའི་རྣམ་པ་གསར་བ་ཞིག་བསྐྲུན་པར་མཉམ་དུ་འབད་པ་བྱ་རྒྱུ་ཡིན་ཞེས་བསྟན།

ཆིན་ཆི་ལེ་ཡ་ཡིས་བསྟན་དོན། ཁོ་སི་ཐ་རི་ཁ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་མང་བོ་འགོར་མེད་རུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་བཟང་ཇེ་ཟབ་ཏུ་སོང་ཡོད། ཁོ་སི་ཐ་རི་ཁ་དང་ཀྲུང་གོའི་རང་དབང་ཉོ་ཚོང་ཆོད་དོན་ལག་བསྟར་བྱས་པ་ཡིས་ཕྱོགས་གཉིས་ཀྱི་ཉོ་ཚོང་ལ་ཤུགས་ཡོད་ཀྱིས་ཡར་སྐུལ་བྱས། ཁོ་སི་ཐ་རི་ཁ་ཡིས་ཀྲུང་གོའི་གོང་སྤེལ་ཆེན་པོས་བཏོན་པའི་གོ་སྐབས་ཆེན་པོར་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་དང་མཉམ་དུ་འབྱོར་ཚོང་རྒྱ་བསྐྱེད་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། སློབ་གསོ་དང་རིག་གནས། ཁྲིམས་འཛིན། ཚན་རྩལ་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱེད་པར་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད། ཁོ་སི་ཐ་རི་ཁ་ཡིས་ཙུང་ལི་ཝུན་ཅ་པའོ་ཡིས་ད་ལོའི་མཉམ་འབྲེལ་རྒྱལ་ཚོགས་ལ་ཏེན་མེ་གླིང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་དུ་གསུང་བཤད་གནང་སྐབས་བཏོན་པའི་ལ་ཏེན་མེ་གླིང་དང་ཀྲུང་གོའི་འབྲེལ་བར་ཤུགས་སྣོན་པའི་སྲིད་ཇུས་དང་ལངས་ཕྱོགས། བྱེད་ཐབས་བཅས་ལ་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ལ་ཏེན་མེ་གླིང་ཅ་ལེ་པེ་ཐུན་མོང་གི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་འཁུར་བའི་སྐབས་སུ་དགེ་མཚན་ལྡན་པའི་ནུས་པ་བཏོན་ནས་ཀྲུང་གོའི་བར་གྱི་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་བསྣན་ཏེ་ལ་ཏེན་མེ་གླིང་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་བྱེད་པར་གྲུབ་འབྲས་སྔར་ལས་མང་པོ་ལེན་འདོད་ཡོད་ཟེར།

  • ལེ་ཚན་སྔོན་མ།:རྒྱལ་ཡོངས་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱི་འཁོར་སྐྱོད་དཔལ་འབྱོར་ལ་ཆེད་དོན་རྟོག་ཞིབ
  • ལེ་ཚན་རྗེས་མ།:ལྷ་ས་རུ་རིག་གནས་ཀྱི་ཞོ་སྟོན་དུས་ཆེན་སྤེལ་བཞིན་ཡོད་པ།
  • དོ་སྣང་ཆེ་བའི་རྩོམ།