རྒྱལ་ཡོངས་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱི་འཁོར་སྐྱོད་དཔལ་འབྱོར་ལ་ཆེད་དོན་རྟོག་ཞིབ་བྱས་པ།

ཞའོ་ཡན།    མཚོ་སྔོན་གསར་འགྱུར་དྲ་བ།    2012-08-17

ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན། རྒྱལ་ཡོངས་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་སྔོན་ཆད་ཀྱི་ཀྲུའུ་རིན་གཞོན་པ་སུང་ཞའོ་ཡུས་ཀྱིས་ཁྲིད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཆེད་དོན་རྟོག་ཞིབ་ཚན་ཆུང་མཚོ་སྔོན་དུ་ཡོང་སྟེ། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐོག་མའི་ས་ཁུལ་མྱུར་དུ་འཛུགས་སྐྲུན་བྱེད་པའི་ཐད་ལ་ཆེད་དོན་རྟོག་ཞིབ་བྱས། རྟོག་ཞིབ་ཚན་ཆུང་གིས་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་ས་ཁུལ། མཚོ་ནུབ་ཁུལ་བཅས་སུ་ཡོད་པའི་བཟོ་ལས་ས་ཁུལ་དང་ཁེ་ལས་ལ་སྔ་གཞུག་ཏུ་ཡུལ་དངོས་སུ་རྟོག་ཞིབ་བྱས།

ཉིན་དེའི་ཕྱི་དྲོར་བསྡུས་པའི་བཞུགས་མོལ་ཚོགས་འདུའི་སྟེང་། རྟོག་ཞིབ་ཚན་ཆུང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ལོ་ཡུས་ལིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་མདོར་བསྡུས་དང་། ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་ཚུན་གྱི་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། རྒྱལ་ཁབ་ཀྱི་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐོག་མའི་ས་ཁུལ་འཛུགས་སྐྲུན་བྱེད་པ་བཅས་ཐད་ཀྱི་འབྲེལ་ཡོད་གནས་ཚུལ་ཡར་ཞུ་ལ་ཉན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཀྲི་ཝེ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཞིང་ཆེན་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་ཐིན་དང་ཅུའུ་བཅས་ཀྱི་འགན་ཁུར་བ་ཞུགས་མོལ་ཚོགས་འདུར་ཞུགས།

སུང་ཞའོ་ཡུས་ཀྱིས་མཚོ་སྔོན་གྱིས་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་བླངས་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས།

བཞུགས་མོལ་ཚོགས་འདུའི་སྟེང་། རྟོག་ཞིག་ཚན་ཆུང་གི་མི་སྣས་མཚོ་སྔོན་གྱི་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་དམིགས་བསལ་ཅན་གྱི་སྲིད་ཇུས་དང་། ཐོན་ཁུངས་ཁ་གསབ་ལམ་ལུགས། དཔྱ་ཁྲལ་ལམ་ལུགས་བཅོས་བསྒྱུར་བྱེད་པ་བཅས་སྐོར་གྱི་གནད་དོན་ཐད་ལ་གྲོས་གཞི་བཟང་བོ་བཏོན།

  • ལེ་ཚན་སྔོན་མ།:ཀྲུང་གོའི་ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་འཐུས་མི་གཟི་བརྗིད་ངང་རྒྱལ་ནང་དུ་ཕྱིར་ལོག་པ།
  • ལེ་ཚན་རྗེས་མ།:ཝུན་ཅ་པའོ་ཡིས་ཁོ་སི་ཐ་རི་ཁ་ཡི་ཙུང་ཐུང་ལ་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།