མཚོ་སྔོན་གྱི་ནགས་ཚལ་ཡུལ་སྐོར་འཕེལ་རྒྱས་མགྱོགས་པ།

    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚིགས།    2012-08-17

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར་ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱི་ནགས་ཚལ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བྱུང་ཞིང་།ཡུལ་སྐོར་བའི་མི་གྲངས་ལོ་རེར་མང་དུ་འགྲོ་ཚད་ད་བར15%ཡས་མས་རྒྱུན་འཁྱོངས་བྱུང་བ་དང་ཆབས་ཅིག་ནགས་ཚལ་སྤྱི་གླིང་དང་།འདམ་རའི་སྤྱི་གླིང་།རང་བྱུང་སྲུང་སྐྱོང་ཁུལ།ནགས་ལས་ལྟ་སྐོར་གླིང་སོགས་མཛེས་ལྗོངས་ཁུལ་མཉམ་ལས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་རྩ་བའི་ཆ་ནས་ཆགས་ཏེ་དཔལ་འབྱོར་གྱི་འཕར་གཞི་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུས་ཀྱི་རྒྱུན་ལས་ཅུས་ཀྲང་གཞོན་པ་ཧན་གོ་རུང་གིས་ནགས་ཚལ་ལ་མཁའ་རླུང་གཙང་བཟོ་བྱེད་པ་དང་གསོ་རླུང་གཏོང་བ་སོགས་ཀྱི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་དང་ཡུལ་སྐོར་ནང་གི་རྣམ་པ་གསར་པ་ཞིག་ཡིན་པའི་ནགས་ཚལ་ཡུལ་སྐོར་དེར་འཕེལ་རྒྱས་གཏོང་བའི་མི་མངོན་པའི་ནུས་པ་ཧ་ཅང་ཆེན་པོ་ལྡན་ཡོད་ལ་ཁྲོམ་ར་ཡང་ཤིན་ཏུ་རྒྱ་ཆེན་པོ་ཡོད།མིག་སྔར་མང་ཚོགས་ཅན་དུ་འགྱུར་བའི་ཡུལ་སྐོར་དུས་མཚམས་སུ་སླེབས་པ་དང་འབྲེལ《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་གཉིས་པའི”ཡུལ་སྐོར་ལས་རིགས་འཕེལ་རྒྱས་འཆར་གཞི》ཡི་ནང་བཅུག་ཡོད་ཅེས་ངོ་སྤྲོད་གནང་བྱུང་།

“མིག་སྔར་དགོན་ལུང་གི་རི་བོ་བྱང་མ་དང་།ཆི་ལན།མཁར་པོ་ལ།མུ་ཏིག་མཚོ་སོགས་ནཌ་ཚལ་ཡུལ་སྐོར་ཡུལ་ལྗོངས་ཁུལ་བཞི་འཕེལ་རྒྱས་མགྱོ གས་པ་དང་མཚོ་སྔོན་ནཌ་ཚལ་ཡུལ་སྐོར་ལས་རིགས་ཀྱིས་ལོ་རེར་ཡུལ་སྐོར་བ་མི་ཐེངས་ཁྲི་290ལྷག་ཙམ་ལ་སྣེ་ལེན་ཞུ་བ་དེས་ཞིང་ཆེན་དེ་ཡོངས་ཀྱི་ཡུལ་སྐོར་བའི་མི་གྲངས་ཀྱི་ལྔ་ཆ་གཅིག་ཡན་བཟུང་གི་ཡོད”ཅེས་གསུངས་བྱུང་། །

  • ལེ་ཚན་སྔོན་མ།:ཀྲུང་གོའི་བོད་རིག་པས་ཞི་ཉི་སློབ་གླིང་ཆེན་མོ་རུ་བོད་རིག་པའི་འཆད་ཁྲིད་སྤེལ་བ།
  • ལེ་ཚན་རྗེས་མ།:ནང་སོག་གིས་གནོད་འབུའི་གནོད་འཚེ་སེལ་བར་ཕན་འབྲས་རགས་ཙམ་ཐོན་པ།
  • དོ་སྣང་ཆེ་བའི་རྩོམ།