ཀྲུང་གོའི་བོད་རིག་པས་ཞི་ཉི་སློབ་གླིང་ཆེན་མོ་རུ་བོད་རིག་པའི་འཆད་ཁྲིད་སྤེལ་བ།

ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོའི་བོད་ལྗོངས་དྲ་བ།    2012-08-17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས15ཉིན། ཀྲུང་གོའི་བོད་རིག་པའི་ཆེད་མཁས་པའི་འཐུས་ཚབ་ཚོགས་པ་ཚེས15ཉིན་ཨོ་སི་ཁྲི་རི་ཡའི་ཞི་ཉིའི་སློབ་གླིང་ཆེན་མོ་རུ་བོད་རིག་པའི་འཆད་ཁྲིད་སྤེལ་ཏེ། ཞི་ཉིའི་སློབ་གླིང་ཆེན་མོའི་དགེ་རྒན་དང་སློབ་མར་བོད་ལྗོངས་ཀྱི་ལོ་རྒྱུས་དང་། རིག་གནས། སྤྱི་ཚོགས་འཕེལ་རྒྱས་སོགས་མཚམས་སྦྱོར་བྱས་ཤིང་། ཨོ་སི་ཁྲི་རི་ཡའི་སྤྱི་ཚོགས་ཀྱིས་བོད་ལྗོངས་ལ་རྒྱུས་ལོན་རྒྱུས་ལོན་བྱེད་པར་མཐུན་རྐྱེན་བསྐྲུན།

འཆད་ཁྲིད་བྱེད་སྐབས། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་འགོ་གཙོ་ཀྲང་ཡོན་གྱིས་སྤྲུལ་སྐུ་ཡང་སྲིད་ལམ་ལུགས་བྱུང་འཕེལ་དང་གཞུང་ལུགས་ཕྱོགས་ནས་མཚམས་སྦྱོར་བྱས་པ་མ་ཟད། དགེ་རྒན་དང་སློབ་མ་རྣམས་ཀྱི་དོ་སྣང་བྱེད་བཞིན་པའི་བོད་ལྗོངས་ཀྱི་རིག་གནས་དང་ཁོར་ཡུག་སྲུང་སྐྱོབ། མི་རིགས་མངའ་ཁོངས་རང་སྐྱོང་སྲིད་ཇུས་ཕྱོགས་ཀྱི་གནད་དོན་ལ་ལན་བཏབ།

ཀྲང་ཡོན་གྱིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། བོད་རིག་པའི་འཆད་ཁྲིད་སྤེལ་པའི་དམིགས་ཡུལ་ནི་དྲང་བདེན་སྒོས་བོད་ལྗོངས་ཀྱི་ལོ་རྒྱུས་རིག་གནས་འཕེལ་རྒྱས་ཕྱི་ཕྱོགས་ལ་མཚམས་སྦྱོར་བྱེད་པ་དང་། བོད་ལྗོངས་ལོ་རྒྱུས་རིག་གནས་ཀྱི་ཞིབ་འཇུག་འབྲས་བུ་དང་ཤེས་བྱ་ཉམས་སུ་མྱོང་དུ་འཇུག་པ། ཨོ་སི་ཁྲི་ར་ཡའི་སྤྱི་ཚོགས་ཀྱིས་བོད་ལྗོངས་ལ་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དེ་ཡིན། ཁོས་བཤད་རྒྱུར། ཨོ་སི་ཁྲི་ར་ཡ་པས་སྔོན་ཆད་ནུབ་ཕྱོགས་སྨྱན་བྱེད་བརྒྱུད་དེ་བོད་ལྗོངས་ཀྱི་འབྲེལ་ཡོད་ཀྱི་ཆ་འཕྲིན་རྒྱུས་ལོན་བྱེད་ཀྱིན་ཡོད་པས། ཕྱོགས་རིས་ལྡན་པས་དོན་དངོས་དང་མི་མཐུན་པ་རེད། ད་ལྟ་ཨོ་སི་ཁྲི་ར་ཡ་པ་ཀྲུང་གོ་རུ་ཡོང་བ་ཇེ་མང་ནས་ཇེ་མང་ཡིན་ཞིང་། ཀྲུང་གོ་བ་ཨོ་སི་ཁྲི་ར་ཡ་རུ་འགྲོ་བ་ཡང་ཇེ་མང་ནས་ཇེ་མང་ཡིན་དེ། ཕན་ཚུན་བར་གྱི་གོ་ནོར་ཇེ་ཉུང་ནས་ཇེ་ཉུང་ཡིན། འདི་ལྟ་བུའི་འཆད་ཁྲིད་སྤེལ་ན་ཕན་ཚུན་བར་གྱི་རྒྱུས་ལོན་སྔར་ལས་ཇེ་ཟབ་ཏུ་གཏོང་ཐུབ་པ་དང་། ཨོ་སི་ཁྲི་ར་ཡ་པས་བོད་ལྗོངས་ལ་རྒྱུས་ལོན་ཟབ་མོ་ལེན་ཐུབ་ངེས་ཟེར།

ཐེངས་འདིའི་བོད་རིག་པའི་འཆད་ཁྲིད་ནི་ཀྲང་ཡོན་འཁོར་དང་བཅས་པས་ཞི་ཉིའི་སློབ་གླིང་ཆེན་མོའི་ཁོང་ཙི་སློབ་གླིང་གིས་གདན་འདྲེན་བྱས་ཏེ་སྤེལ་པ་ཡིན་ལ། ཁོ་ཚོས་ད་དུང་ཨོ་སི་ཁྲི་ར་ཡའི་རྒྱལ་འཛུགས་སློབ་གླིང་ཆེན་མོ་རུ་བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་སྐོར་ཀྱི་རིག་གཞུང་བརྗེ་རེས་བྱ་འགུལ་ཐེངས་གཅིག་སྤེལ་རྒྱུ་རེད།  ། 

  • ལེ་ཚན་སྔོན་མ།:ཝུན་ཅ་པའོ་ཡིས་ཀྲིག་ཅང་ཞིང་ཆེན་དུ་དཔལ་འབྱོར་འཁོར་རྒྱུག་གི་བྱ་བར་རྟོག་ཞིབ་མཛད།
  • ལེ་ཚན་རྗེས་མ།:མཚོ་སྔོན་གྱི་ནགས་ཚལ་ཡུལ་སྐོར་འཕེལ་རྒྱས་མགྱོགས་པ།
  • དོ་སྣང་ཆེ་བའི་རྩོམ།