རྒྱལ་ཐང་གྲོང་རྡལ་གྱི་རོང་འབྲོག་པས་གནས་སྐོར་ལ་བརྟེན་ནས་འབྱོར་ཕྱུག་གི་ལམ་དུ་སྐྱོད་པ།

ཚེ་རིང་རྒྱ་མཚོས་བསྒྱུར།    སེམས་ཀྱི་ཉི་ཟླའི་དྲ་བ།    2012-08-15

རྒྱལ་ཐང་གྲོང་རྡལ་གྱི་རོང་འབྲོག་པས་གནས་སྐོར་ལ་བརྟེན་ནས་འབྱོར་ཕྱུག་གི་ལམ་དུ་སྐྱོད་པ།
གནས་སྐོར་བས་རྟ་བྱོན་ནས་རྒྱལ་ཐང་གྲོང་རྡལ་མཐུན་སྒྲིལ་ཤང་གི་རྩྭ་ཐང་དུ་གནས་སྐོར་ལྗོངས་རྒྱུ་བྱེད་བཞིན་པ། 

རྒྱལ་ཐང་གྲོང་རྡལ་གྱི་རོང་འབྲོག་པས་གནས་སྐོར་ལ་བརྟེན་ནས་འབྱོར་ཕྱུག་གི་ལམ་དུ་སྐྱོད་པ།
གནས་སྐོར་བས་གཞུང་ལམ་འགྲམ་དུ་རི་སྐྱེས་རྩྭ་སྨན་ཉོ་བཞིན་པ། 

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས8ཉིན།  གསར་འགོད་པ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཐང་གྲོང་རྡལ་མཐུན་སྒྲིལ་ཤང་ལ་ཐོན་དུས། ས་ཆ་དེ་རུ་གནས་སྐོར་བས་ཁེངས་འདུག་པ་དང་།  གནས་སྐོར་བའི་རླངས་འཁོར་དག་གཅིག་རྗེས་གཉིས་མཐུད་ངང་གཞུང་ལམ་སྟེང་རྒྱུད་བཞིན་པའི་མཛེས་ལྗོངས་མཐོང་། 

མཐུན་སྒྲིལ་ཤང་གི་སྡེ་མི་སྒྲོལ་མས་དཔྱིད་ཀ་དང་དབྱར་ཁ།  སྟོན་ཁ་གསུམ་ནི་གནས་སྐོར་བ་ཆེས་མང་པོའི་དུས་ཚིགས་ཡིན་པ་དང་།  ཉིན་རེའི་གནས་སྐོར་བ་རྟ་བྱོན་ནས་གནས་འདི་རུ་གནས་སྐོར་ལྗོངས་རྒྱུ་བྱེད་ཀྱིན་ཡོད། རྟ་རེ་ལས་ཉིན་རེར་ཡོང་སྒོ་སྒོར100བཙལ་ནུས་ཤིང་།  གནས་སྐོར་བ་མང་པོའི་དུས་སུ་ཉིན་རེར་སྒོར300ཡི་ཡོང་སྒོ་བཙལ་ནུས་ཞེས་ཟེར། 

ཉེ་བའི་ལོ་འགའི་རིང་།  སེམས་ཀྱི་ཉི་ཟླ་རྫོང་གི་མིང་རྟགས་རྒྱལ་སྤྱི་དང་རྒྱལ་ནང་དུ་གྲགས་པ་དང་བསྟུན།  སེམས་ཀྱི་ཉི་ཟླ་རྫོང་གི་གནས་སྐོར་ལས་རིགས་ལ་འཕེལ་རྒྱས་ཆེན་པོ་བྱུང་།  རྒྱལ་ལམ་འགྲམ་རྒྱུད་དུ་འཚོ་སྡོད་བྱས་ཡོད་པའི་རོང་འབྲོག་པ་མང་ཚོགས་རྣམས་ཀྱིས་གནས་སྐོར་ལས་རིགས་ལ་བརྟེན་ནས་ཡོང་སྒོ་འཕར་སྣོན་འབྱུང་བཞིན་ཡོད་པ་དང་།  གླ་བསྡུ་ཡུལ་ལྗོངས་སྟེགས་བུ་དང་སྤྱོད་ཁང་་སོགས་འཛུགས་སྐྲུན་བྱས་ནས་གནས་སྐོར་བ་སྟབས་བདེ་བཟོས་པའི་དུས་མཚུངས་སུ།  ཁོ་ཚོའི་ཡོང་སྒོ་འཕར་སྣོན་བྱུང་། གཞན་ཁོ་ཚོས་ད་དུང་གཞུང་ལམ་འགྲམ་རྒྱུད་དུ་རི་སྐྱེས་རྩྭ་སྨན་ཕྱིར་འཚོང་བྱེད་པ་དང་། ཞོག་ཁོག་བསྲེགས་པ། དཀྲུགས་ཇ་སྐོལ་བ་ཚོང་ལས་སྣ་ཚོགས་སྤེལ་བཞིན་ཡོད་པས་གནས་སྐོར་བས་དགའ་བསུ་ཐོབ།  ། 


 

  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་བུད་མེད་ལག་ཤེས་ཐོན་རྫས་མཐུན་ཚོགས་ཟི་ལིང་ནས་བཙུགས་པ།
  • ལེ་ཚན་རྗེས་མ།:པེ་ཅིང་འགྲིམ་འགྲུལ་སློབ་ཆེན་དང་བོད་ལྗོངས་སློབ་གསོ་ཐིང་གཉིས་ཀྱིས་མཉམ་ལས་གྲོས་ཆིངས་བཞག་པ།
  • དོ་སྣང་ཆེ་བའི་རྩོམ།