མཚོ་སྔོན་ཞིང་ཆེན་བུད་མེད་ལག་ཤེས་ཐོན་རྫས་མཐུན་ཚོགས་ཟི་ལིང་ནས་བཙུགས་པ།

བསོད་ནམས་ལྷ་མོ།    མཚོ་སྔོན་གསར་འགྱུར་དྲ་བ།    2012-08-13

ཟླ་བརྒྱད་པའི་ཚེས་དགུའི་ཉིན། མཚོ་སྔོན་ཞིང་ཆེན་བུད་མེད་ལག་ཤེས་ཐོན་རྫས་མཐུན་ཚོགས་ཟི་ལིང་ནས་བཙུགས་པ་དང་། དེ་ནི་མཚོ་སྔོན་གྱི་བུད་མེད་ལག་ཤེས་ཐོན་རྫས་ལས་རིགས་ཀྱི་མཐུན་ཚོགས་ཐོག་མ་རེད།

རྒྱུས་ལོན་བྱུང་པ་ལྟར་ན། མཐུན་ཚོགས་བཙུགས་རྗེས་བུད་མེད་ཀྱི་ལས་སྤེལ་ལས་རིགས་ལ་ཞབས་ཞུ་འདོན་སྤྲོད་བྱས་ནས་ཧུར་ཐག་སྒོས་ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་ལས་ཞུགས་ཐབས་ལམ་རྒྱ་སྐྱེད་པ། ཚན་རྩལ་གསོ་སྦྱོང་དང་རིག་གནས་བརྗེ་རེས་བྱེད་པ། ལས་གཞི་གསར་སྤེལ་བྱེད་པ་སོགས་ཀྱི་བྱ་འགུལ་ལ་ཡར་སྐུལ་བྱས་ནས་ལས་རིགས་འཕེལ་རྒྱས་དང་སྤྱི་ཁོག་གི་ཁེ་ཕན། ཚོགས་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བཅས་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་བུད་མེད་ལས་དོན་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་འཇོག་རྒྱུ་རེད།

  • ལེ་ཚན་སྔོན་མ།:ཀྲུང་གོའི་མི་རིགས་རིག་གནས་གསར་གཏོད་གོང་འཕེལ་གླེང་སྟེགས་འཚོགས་པ།
  • ལེ་ཚན་རྗེས་མ།:རྒྱལ་ཐང་གྲོང་རྡལ་གྱི་རོང་འབྲོག་པས་གནས་སྐོར་ལ་བརྟེན་ནས་འབྱོར་ཕྱུག་གི་ལམ་དུ་སྐྱོད་པ།
  • དོ་སྣང་ཆེ་བའི་རྩོམ།