རྒྱལ་པོ། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། 2012-08-13
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་མི་རིགས་རིག་གནས་གསར་གཏོད་བསམ་ཇུས་ཐོན་ལས་གོང་སྤེལ་གྱི་མདུན་མཆོངས་གླེང་སྟེགས་དེ་ཉིན་ཤས་གོང་ཀོང་ཞི་སྦའི་སེ་གྲོང་ཁྱེར་དན་ཏུང་རྫོང་དུ་འཚོགས་པ་དང་། པེ་ཅིན་དང་། ཧྲང་ཧའེ། ཀྲེ་ཅང་། ཡུན་ནན། སི་ཁྲོན། ཀུའེ་ཀྲོའུ། བོད་ལྗོངས། ཀོང་ཞི་སོགས་ཞིང་ལྗོངས་དང་གྲོང་ཁྱེར་ནས་ཕེབས་པའི་རིགས་གཅིག་མཁས་པ་དང་རིག་གནས་པ་ལྔ་བཅུ་ལྷག་ཙམ་གླེང་སྟེགས་ལ་ཞུགས་ཡོད་པ་རེད།
གླེང་སྟེགས་ཀྱིས། བསམ་ཇུས་གསར་གཏོད་ཀྱིས་རྒྱུན་འཛིན་གོང་འཕེལ་གཏོང་ཞེས་པ་སྟེ། ཀྲུང་གོའི་མི་རིགས་རིག་གནས་ཐོན་ལས་ཀྱི་ལོ་རྒྱུས་གོ་སྐབས་དང་ཐབས་ལམ་ཞེས་པ་བརྗོད་བྱ་གཙོ་བོར་བཟུང་ཡོད་པ་དང་། གླེང་སྟེགས་ནང་། རྒྱལ་ནང་གི་རིག་གནས་ཐོན་ལས་ལས་རིགས་ཀྱི་གྲགས་ཅན་རིག་གནས་པ་དང་ལས་རིགས་དེའི་ནང་གི་མི་སྣ་གྲགས་ཅན་ཉི་ཤུ་ཙམ་གྱིས་ཀྲུང་གོའི་མི་རིགས་རིག་གནས་ཐོན་ལས་ཀྱི་ལོ་རྒྱུས་ཀྱི་གོ་སྐབས་དང་ཐབས་ལམ་ལ་དབྱེ་ཞིབ་བྱས་པ་དང་། མི་རིགས་རིག་གནས་དང་མི་རིགས་རིག་གནས་ཀྱི་གསར་གཏོད་བསམ་ཇུས་གོང་འཕེལ་འཐབ་ཇུས་དང་། མི་རིགས་རིག་གནས་ཐོན་ལས་གོང་འཕེལ་གྱི་ཉམས་མྱོང་སྤེལ་རེས་དང་བསམ་ཇུས་གསར་གཏོད་ཀྱི་ཐབས་ལམ་འཚོལ་ཞིབ། སློབ་གྲྭ་ཆེན་མོ་དང་མི་རིགས་རིག་གནས་གསར་གཏོད་སོགས་ཀུན་གྱིས་དོ་སྣང་བྱེད་པའི་གྲོས་གཞིའི་ཐད་གཏམ་བཤད་གནང་བ་དང་། གྲོས་བསྡུར་གཏིང་ཟབ་བྱས་ཡོད་པ་མ་ཟད། དན་ཏུང་རིག་གནས་ཀྱི་རྣམ་པ་དང་ཟུང་འབྲེལ་གྱིས་དབྱེ་ཞིབ་བྱས་པ་དང་། དན་ཏུང་རིག་གནས་གོང་འཕེལ་གྱི་བཟང་ཆ་བསྟན་པ་དང་། དན་ཏུང་རྫོང་གིས་མི་རིགས་རིག་གནས་ཐོན་ལས་གོང་འཕེལ་གཏོང་རྒྱུའི་ཐད་ཁ་ཕྱོགས་དང་གྲོས་འགོ་བཏོན་ཡོད་པ་རེད།
གླེང་སྟེགས་ཐོག དན་ཏུང་བསྒྲགས་གཏམ་ཞེས་པ་སྤེལ་བ་དང་། བསྒྲགས་གཏམ་ཐོག ཀྲུང་གོའི་མི་རིགས་རིག་གནས་ཀྱི་བསམ་ཇུས་གསར་གཏོད་ཐོན་ལས་དེ་རིགས་པའི་གཞུང་ལུགས་གྲུབ་པ་བྱེད་པ་ནས་ཐོན་ལས་ཀྱི་ལག་ལེན་ཐོག་ཁ་ལོ་བསྒྱུར་རྒྱུ་དེ་གལ་ཆེའི་འཕེལ་ཕྱོགས་ཤིག་ཏུ་གྱུར་ཡོད་པ་དང་། མི་རིགས་རིག་གནས་ཀྱི་གསར་གཏོད་བསམ་ཇུས་གོང་འཕེལ་གཏོང་བའི་ཁྲོད། རིག་གནས་ནི་འབྱུང་ཁུངས་གཙོ་བོ་ཡིན་པ་དང་། མི་རིགས་ནི་ཁྱད་ཆོས་ཡིན་པ། བསམ་ཇུས་གསར་གཏོད་ནི་བླ་སྲོག་ཡིན་པ། ཐོན་ལས་ནི་དམིགས་ཡུལ་དང་། ཁ་ཕྱོགས། ལྟེ་བ་བཅས་ཡིན་ཞེས་བསྟན་པ་དང་། ཚོགས་ཞུགས་རིགས་གཅིག་མཁས་པས། ཀྲུང་གོའི་མི་རིགས་རིག་གནས་ཀྱི་བསམ་ཇུས་གསར་གཏོད་ཐོན་ལས་ཀྱིས། ངེས་པར་དུ་ཐོན་ལས་ཅན་གྱི་སྤྱིར་བཏང་ཆོས་ཉིད་ལ་བརྩི་སྲུང་དང་། ཁྲོམ་རར་བརྩི་སྲུང་། འཛད་སྤྱོད་པའི་ལྟ་ཕྱོགས་ནས་གནད་དོན་ལ་བསམ་གཞིགས་བྱ་དགོས་པ་དང་། མི་རིགས་རིག་གནས་ཁྲོད་ཀྱི་ཚོང་ལས་ཀྱི་རྒྱུ་རྐྱེན་སྔོག་འདོན་གྱིས། མི་རིགས་རང་བཞིན་དེ་ཐོན་ལས་ཅན་གྱི་བརྒྱུད་རིམ་ནང་ལེགས་པར་མངོན་པ་བྱ་དགོས་པ། མི་རིགས་རིག་གནས་ཐོན་ལས་ཅན་གྱི་བརྒྱུད་རིམ་དང་མི་རིགས་རིག་གནས་སྲུང་སྐྱོབ་གཉིས་ཕན་ཚུན་གཅིག་ཕན་གཅིག་རོགས་ཐུབ་པ་བྱ་དགོས་པ་དང་། ཐོན་ལས་ཅན་ལ་མཐོང་ཆེན་བྱ་རྒྱུ་དེ་རིག་གནས་ཀྱི་དང་གཙང་རང་བཞིན་དང་བླ་མེད་རང་བཞིན་ལ་མཐོང་ཆེན་བྱ་རྒྱུ་དང་ཁ་བྲལ་མི་རུང་བ། རིག་གནས་ཀྱི་སྣ་མང་ཅན་ལ་གཏོར་བཤིག་གཏོང་མི་རུང་བ་བཅས་ཀྱི་ངོས་འཛིན་གནང་འདུག །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10