བོད་ལྗོངས་ཀྱི་རིག་གནས་རྒྱུད་འཛིན་ཁྲོད་སྲུང་སྐྱོབ་གང་ལེགས་དང་དར་སྤེལ་ཤུགས་ཆེན་བྱུང་བ།

    ཀྲུང་གོའི་བོད་ལྗོངས་དྲ་བ།    2012-08-13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བ8པའི་ཚེས7ཉིན། སྐབས་བཞི་པའི་རྒྱལ་ཡོངས་རིག་གནས་རིག་དངོས་བོད་སྐྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་རེད། གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2006ལོར་སྐབས་གསུམ་པའི་རྒྱལ་ཡོངས་རིག་གནས་རིག་དངོས་བོད་སྐྱོར་ལས་དོན་ཚོགས་འདུ་འཚོགས་པ་ནས་བཟུང་བོད་ལྗོངས་ཀྱི་རིག་གནས་འཛུགས་སྐྲུན་ཐད་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་གོང་འཕེལ་གྱི་སྐུལ་འདེད་ཐད་ལ་སྲ་ཞིང་བརྟན་པའི་རྨང་གཞི་བཏིངས་ཡོད་པ་རེད།

           ཉེ་བའི་ལོའི་རིང་། བོད་ལྗོངས་ཀྱིས་མཐའ་གཅིག་ཏུ་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བའི་ཆུ་ཚད་གོང་མཐོར་གཏོང་བ་དང་རྨང་གཞིའི་རིག་གནས་ཁེ་དབང་འགན་ལེན་བྱ་རྒྱུ་དེ་ལས་དོན་གྱི་གལ་ཆེ་བའི་འགོ་འཛུགས་ས་དང་མཇུག་སྒྲིལ་སར་བཟུང་ཞིང་ཁྱོན་ཡོངས་ནས་རིག་གནས་ཆ་འཕྲིན་ནུས་ཁུངས་མཉམ་སྤྱོད་དང་རྫོང་དང་ཤང་གི་རིག་གནས་སྒྲིག་བཀོད་འཛུགས་སྐྱོང་། རིག་གནས་སྒྲིག་ཆས་སྒྲིག་སྦྱོར། རིན་མེད་སྒོ་དབྱེ་སོགས་གཙོ་གནད་རིག་གནས་དམངས་ཕན་ལས་གྲྭ་འགོ་བརྩམས་ནས་ནུས་ལྡན་ངང་གཞི་རིམ་གྱི་རིག་གནས་ལས་དོན་དར་ཞིང་རྒྱས་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་པ་རེད། སྡོམ་རྩིས་བྱས་པར་གཞིགས་ན།ལོ་ལྔ་ཚན་བཅུ་གཅིག་པའིརིང་རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱི་སྔ་ཕྱིར་མ་འཇོག་སྒོར་དུང་ཕྱུར༣.༤བྱས་ནས་ཆེད་མངགས་བོད་ལྗོངས་ཀྱི་རིག་གནས་སྒྲིག་བཀོད་འཛུགས་སྐྱོང་དང་སྒྲིག་ཆས་སྒྲིག་སྦྱོར།  དཔུང་ཁག་འཛུགས་སྐྱོང་དང་བྱེད་སྒོ་འཛུགས་སྐྱོང་སོགས་ཐད་བེད་སྤྱོད་བྱས་པ་དེལྔ་བཅུའིདུས་རིམ་གྱི་ལྡབ5.9ཡིན་པ་རེད། བོད་ལྗོངས་ཀྱིསལོ་ལྔ་ཚན་བཅུ་གཅིགརིང་རྫོང་ཁག་གི་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་དང་མཉམ་སྤྱོད་ལས་གྲྭའི་ཡན་ལག་ལྟེ་གནས་རྫོང་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་བ་དང་རྩ་བའི་ཆ་ནས་རང་སྐྱོང་ལྗོངས་དང་ས་ཁུལ་དང་གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་བཞིའི་སྤྱི་པའི་རིག་གནས་སྒྲིག་བཀོད་དྲ་བ་ཞིག་གྲུབ་ཡོད།

    ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་བྱུང་བ་དང་ཁྱོན་ཡོངས་ནས་མ་འཇོག་སྒོར་དུང་ཕྱུར༣.༨བྱས་པའི་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ཁ། ས་སྐྱ་དགོན་སོགས་གཙོ་གནད་རིག་དངོས་ཉམས་གསོ་དང་སྲུང་སྐྱོབ་ལས་གྲྭ་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ་དང་། ཁྱོན་སྡོམ་མ་འཇོག་སྒོར་དུང་ཕྱུར5.7བྱས་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཉམས་གསོའི་ལས་གྲྭ་ཁག༢༢ལས་མཇུག་སྒྲིལ་ཡོད་པ་རེད། ལོ་ལྔ་ཚན་བཅུ་གཉིས་པའིརིང་། རྒྱལ་ཁབ་ནས་མ་དངུལ་སྒོར་དུང་ཕྱུར10.9བཀོད་སྒྲིག་བྱས་ནས་རིག་དངོས་སྲུང་སྐྱོབ་ཉམས་གསོའི་རྣམ་གྲངས་ཁག46ལག་བསྟར་བྱས་པ་དང་བོད་རང་སྐྱོང་ལྗོངས་ཀྱི་མ་དངུལ་སྒོར་དུང་ཕྱུར1.5བཀོད་སྒྲིག་བྱས་ནས་ཉེན་ཆེའི་གནས་ཚུལ་ཚབས་ཆེ་བའི་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་ལ་ཉེན་སྐྱོབ་ཉམས་གསོ་བྱས་ཡོད་པ་རེད། ཁྱོན་ཡོངས་ནས་མངོན་མིན་རིག་གནས་ཤུལ་བཞག་དང་གནའ་གཞུང་སྲུང་སྐྱོབ་ལས་དོན་འགོ་བརྩམས་པ་དང་བོད་ཀྱི་ལྷ་མོའི་འཁྲབ་གཞུང་དང་གེ་སར་རྒྱལ་པོའི་སྒྲུང་གཉིས་མཉམ་འབྲེལ་རྒྱལ་ཚོགས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་མིང་ཐོར་ཚུད་པ་དང་ཐང་ཁ་དང་བོད་ཤོག་སོགས་རྣམ་གྲངས76དང་རྒྱུད་འཛིན་མི་སྣ53རྒྱལ་ཁབ་རིམ་པའི་མིང་ཐོར་ཚུད་པ། རྩ་ཆེའི་གནའ་གཞུང158རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་གཞུང་གི་མིང་ཐོར་ཚུད་པ། གནའ་གཞུང་ཉར་ཚགས་སྡེ་ཚན༤རྒྱལ་ཡོངས་གཙོ་གནད་གནའ་གཞུང་ཉར་ཚགས་ཚན་པར་བདམས་ཐོན་བྱུང་ཡོད་པ་རེད། བོད་ལྗོངས་སུ་ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས༡༩ཡོད་པ་དང་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་རྟེན་གཞི༢ཡོད་པ་རེད།

    བོད་ལྗོངས་ཀྱི་རིམ་ཁག་རིག་གནས་ཚན་པས༼བདེ་སྐྱིད་ཀྱི་ལམ་བུ༽དང་མི་རིགས་ཀྱི་གླུ་གར༼ཧི་མ་ལ་ཡ༽༼ཇོ་རིའི་འཇའ་ཚོན༽༼ཡར་ཀླུང་གཙང་པོའི་བརྩེ་སེམས༽སོགས་འཁྲབ་སྟོན་ཐོན་རྫས་འབོར་ཆེན་གསར་གཏོད་ཁྱབ་སྤེལ་བཏང་བས་ཅུང་ལེགས་པའི་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཐོབ་ཡོད།

    ལོ་ལྔ་ཚན་བཅུ་གཉིས་པའིརིང་། བོད་ལྗོངས་ཀྱི་མུ་མཐུད་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་གཙོ་གནད་རིག་དངོས་སྲུང་སྐྱོབ་ཉམས་གསོ་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ།  གནའ་གཞུང་སྲུང་སྐྱོབ།  གསར་བརྗེའི་ལོ་རྒྱུས་རིག་དངོས་སྲུང་སྐྱོབ་སོགས་གཙོ་གནད་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་ཏེ་ཁྱོན་ཡོངས་ནས་འཛམ་གླིང་རིག་གནས་ཤུལ་བཞག་དང་མི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས། ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་དང་གྲོང་རྡལ། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས།  རྩ་ཆེའི་གནའ་གཞུང་དང་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་སྲུང་སྐྱོབ་དང་དོ་དམ་ལ་ཤུགས་སྣོན་བྱ་རྒྱུ་ཡིན་པ་མ་ཟད། རིག་གནས་ཁྲོམ་རའི་མ་ལག་འཛུགས་སྐྲུན་འཐུས་ཚང་དང་འཁྲབ་སྟོན་དང་དུས་སྟོན་འགྲེམས་སྟོན། མི་རིགས་ཀྱི་ལག་ཤེས་བཟོ་རྩལ་སོགས་རིག་གནས་ཐོན་ལས་རྣམ་གྲངས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཁྱད་ལྡན་རིག་གནས་ཟོང་རྟགས་གཏོད་རྒྱུ་ཡིན་པ་རེད།  

  • ལེ་ཚན་སྔོན་མ།:བོད་རིགས་བུ་མོ་ཆོས་དབྱངས་སྐྱིད་ཀྱིས་ལེ་དབར20ཡོད་པའི་འགྲོ་རྩལ་འགྲན་བསྡུར་ཁྲོད་ཟངས་ཀྱི་རྟགས་མ་བླངས་པ་ད
  • ལེ་ཚན་རྗེས་མ།:ཀྲུང་གོའི་མི་རིགས་རིག་གནས་གསར་གཏོད་གོང་འཕེལ་གླེང་སྟེགས་འཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།