ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-08-08
ཨ་ཅག་ཚན་སྡེབ་ཀྱིས“ནཱ་ཏཱ་མུའུ”རུ་བརྗོད་དོན་གླུ་གཞས་ཕུལ་བ།
ཨ་ཅག་ཚན་སྡེབ་ཀྱི་རང་བྱུང་སྐད་ངག་ལ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་པའི་ཁར། ཉེ་ལམ། ཁོ་མོ་ཚོས་དགོང་ཚོགས་གང་མང་དུ་བརྗོད་དོན་གླུ་གཞས་ཕུལ་གྱི་ཡོད་ཅིང་། ཆེད་བསྒྲིགས་གསར་བ《ཨ་ཅག་ཟླ་ངོགས་སུ་བསྐྱོད་པ》ཞེས་པའི་གཙོ་གཞས《ཟླ་ངོགས་སུ་བསྐྱོད་པ》ནི་སྒོས་སུ་དགོང་ཚོགས་གང་མང་དུ་ཕུལ་བཞིན་པའི་གཞས་ཤིག་ཏུ་གྱུར།
ཨ་ཅག་ཚན་སྡེབ་ཀྱིས་ཝང་ལོ་པིན་རོལ་ཚོགས་སུ་བརྗོད་དོན་གླུ་གཞས་ཕུལ་བ།
ཁོ་མོ་ཚོ་ནི་དུས་ཡུན་རིང་བོར་ཁོར་ཡུག་སྲུང་སྐྱོབ་དང་དགེ་རྩའི་ལས་ལ་གཞོལ་བའི་གྲངས་ཉུང་མི་རིགས་ཀྱི་ཚན་སྡེབ་ཅིག་དང་། ཀྲུང་གོའི“གསེར་རྟགས་རྒྱལ་ཡོངས་གཞས་དུངས་པ་རྣམས་ཀྱིས་ཆེས་དགའ་བསུ་བྱེད་པའི་གླུ་མ”། རོལ་མོའི་ཆེད་ཚོགས་སུ་མི་རིགས་ཀྱི་ཁྱད་ཆོས་ཆེ་ཆེར་དོད་པའི་ཚན་སྡེབ། ཀྲུང་གོའི་བྱིས་པའི་ཐེབས་རྩ་ཚོགས་པའི་དགེ་ལས་མི་སྣ་སོགས་ཡིན་ལ། སྤྱི་ཚོགས་ཀྱི་འོས་འགན་ཕྲག་ཏུ་བླངས་པའི་ཚན་སྡེབ་འདིས་སེམས་རྣལ་མས་གླུ་གཞས་ལེན་པ་དང་། རྣམ་དག་གི་མི་ཞིག་བྱེད་པ། བྱམས་སེམས་སྒོས་ལས་དོན་སྒྲུབ་པ་བཅས་གཞི་རྩར་བཟུང་སྟེ་སྤྱི་ཕན་ཁོར་ཡུག་སྲུང་སྐྱོབ་དང་དུ་བླངས་ཤིང་། རང་ཉིད་ཀྱི་གླུ་སྐད་ལ་བརྟེན་ནས་ཅུང་འཚབ་འཚུབ་ཆེ་བའི་དཔལ་ཡོན་སྤྱི་ཚོགས་དང་མགྱོགས་ཟས་རིག་གནས་ལ་གོམས་པའི་གྲོང་ཁྱེར་གྱི་མང་ཚོགས་ལ་གླུ་གཞས་ཀྱི་ཁ་དབུགས་གསར་བ་བསྐྱེད། རྒྱུས་ལོན་པ་ལྟར་ན། ཨ་ཅག་ཚན་སྡེབ་ཀྱིས་བོད་སྐད་ཆེད་བསྒྲིགས་གསར་བ་སྟེ《ཨ་ཅག བཀྲ་ཤིས་གཡང་ལ་འཐིམ》ཞེས་པ་འགྲེམ་སྤེལ་བྱེད་ལ་ཉེ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10