རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་རྣམས་མཉམ་དུ་འཛོམས་ནས་བོད་ལུགས་གསོ་རིག་གི་འཕེལ་རྒྱས་གླེང་བ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2012-08-08

རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་རྣམས་མཉམ་དུ་འཛོམས་ནས་བོད་ལུགས་གསོ་རིག་གི་འཕེལ་རྒྱས་གླེང་བ།
པེ་ཅིང་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་ལྔ་བའི་བོད་ལུགས་གསོ་རིག་ཚོ་ཆུང་།

  ཟླ8པའི་ཚེས2ཉིན། པེ་ཅིང་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་ལྔ་བའི་ཚོ་ཆུང་གྲོས་སྡུར་གྱི་རིམ་པ་འགོ་བརྩམས་ཤིང་། བོད་ལུགས་གསོ་རིག་ཚོ་ཆུང་གི་གྲོས་སྡུར་སྟེང་བོད་ཁམས་ལྗོངས་ཞིང་ལྔ་དང་།  ཧང་ག་རི། རྒྱ་གར། དབྱི་ཐ་ལི། ཁཱ་ན་ཏ། པར་ཙི་སོགས་ནས་ཡོངས་བའི་བོད་ལུགས་གསོ་རིག་ཆེད་མཁས་པ་དང་རིག་གནས་པ་རྣམས་ལྷན་དུ་འཛོམས་ནས་བགྲོ་གླེང་རྒྱ་ཆེན་པོ་གནང་བ་རེད།
  ཚོ་ཆུང་གྲོས་སྡུར་སྟེང་པེ་ཅིང་བོད་སྨན་ཁང་གི་འགོ་གཙོ་ཧིན་ཧྥུའུ་ཁའེ་ལགས་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བོད་ལུགས་གསོ་རིག་ཁང་གི་ཞིབ་འཇུག་པ་གཞོན་པ་མཁའ་འགྲོ་འབུམ་ལགས། གངས་ཅན་བླ་མ་འཛམ་གླིང་ཞི་བདེའི་ཐེབས་རྩ་ཚོགས་པའི་གསར་གཏོད་པ་གངས་ཅན་བླ་མ་ལགས། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དཔལ་ཆེན་རྒྱལ་ལགས། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་གླིང་གི་དགེ་རྒན་ཆོས་དབྱིངས་རང་གྲོལ་ལགས་སོགས་ཀྱིས་བོད་ལུགས་གསོ་རིག་རིག་གཞུང་རྒྱུན་འཛིན་དང་གཞུང་ལུགས་ལག་ལེན་སོགས་ཀྱི་ཐད་ནས་གཏམ་བཤད་གནང་བ་རེད།
  ཐེངས་འདིའི་ཚོ་ཆུང་བགྲོ་གླེང་གིས་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་རྣམས་ཀྱིས་བོད་ལུགས་གསོ་རིག་ལ་རྒྱུས་ལོན་བྱེད་ཐུབ་ཅིང་རིག་པའི་གནས་འདིས་འགྲོ་བ་མིའི་རིགས་ལ་མཐུན་རྐྱེན་གང་ལེགས་བསྐྲུན་པར་རྨང་གཞི་བརྟན་པོ་ཞིག་བཏིངས་པ་རེད།

རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་རྣམས་མཉམ་དུ་འཛོམས་ནས་བོད་ལུགས་གསོ་རིག་གི་འཕེལ་རྒྱས་གླེང་བ།
ཚོགས་རའི་ཟུར་ཞིགརྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་རྣམས་མཉམ་དུ་འཛོམས་ནས་བོད་ལུགས་གསོ་རིག་གི་འཕེལ་རྒྱས་གླེང་བ།

རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་ཆེད་མཁས་པ་རྣམས་ཀྱིས་མཉམ་དུ་བགྲོ་གླེང་བྱེད་བཞིན་པ།

  • ལེ་ཚན་སྔོན་མ།:ལོ་དྲུག་རིང་རི་དྭགས་རྔོན་པའི་དོན་རྐྱེན་མ་བྱུང་བས་ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཀྱི་གྲངས་ཀ་ཁྲི12ལ་སླེབས
  • ལེ་ཚན་རྗེས་མ།:ཨ་ཅག་ཚན་སྡེབ་ཀྱིས་དགོང་ཚོགས་གང་མང་དུ་བརྗོད་དོན་གླུ་གཞས་ཕུལ་བ།
  • དོ་སྣང་ཆེ་བའི་རྩོམ།