བྱ་དགའ་ཐོབ་པའི་རྨ་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བརྩམས་ཆོས།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-08-08

ཉེ་ལམ།  སྐབས་ཉེར་བརྒྱད་པའི་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་བརྗེ་རེས་དང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་གྱི་དཔྱད་བསྡུར་ཚོགས་འདུའི་སྟེང་རྨ་ལྷོ་བརྙན་འཕྲིན་ཁང་གི་ཆེད་དོན་བརྙན་འཕྲིན་ལ་བྱ་དགའ་ཐོབ།
         ཚོགས་འདུའི་སྟེང་བསྡོམས་པས་རྒྱང་སྒྲོག་བརྩམས་ཆོས125དང་བརྙན་འཕྲིན་བརྩམས་ཆོས158བསྡུ་ཉར་བྱས་ཤིང་།  རིགས10ཡི་བྱ་དགའི་རྣམ་གྲངས6ཡོད་པ་ཡིན། དེ་ལས་རྨ་ལྷོ་བརྙན་འཕྲིན་ཁང་གི་ཆེད་དོན་བརྙན་འཕྲིན《ཚོན་ལྔའི་མདའ་རྩེད》ཅེས་པར་སྤྱི་ཚོགས་སློབ་གསོ་རིགས་ཀྱི་བྱ་དགའ་ཨང་གཉིས་པ་དང་། རྩེ་ཁོག་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་གི《རྩེ་ཁོག་གི་འགྱུར་ཁུགས》ཞེས་པར་བརྙན་འཕྲིན་ལྷུག་རྩོམ་རིགས་ཀྱི་བྱ་དགའ་ཨང་གཉིས་པ།  རྨ་ལྷོ་བརྙན་འཕྲིན་ཁང་གི《ཞིང་བའི་སྤྲོ་སྐྱིད་ཁང་གིས་རོང་འབྲོག་མང་ཚོགས་ལ་ཕྱུག་འགྱུར་གྱི་ལམ་བུ་གཏད་པ》ཞེས་པར་གསར་འགྱུར་རིགས་ཀྱི་བྱ་དགའ་ཨང་གསུམ་པ། རྩེ་ཁོག་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་གི《རྩེ་ཁོག་རྫོང་ཧོར་སྡེ་བས་སྤེལ་བའི་ཁམས་ར་ཙོང་ཁའི་རིག་གནས་ར་བར་བཀའ་བསྟན་རྐོ་བཟོ་བྱེད་པའི་འགོ་ཚུགས་མཛད་སྒོ》ཞེས་པར་གསར་འགྱུར་རིགས་ཀྱི་བྱ་དགའ་ཨང་གསུམ་པ་བཅས་ཐོབ་ཅིང་། དེ་དང་ཆབས་ཅིག་རྨ་ལྷོ་བརྙན་འཕྲིན་ཁང་གི་གསར་འགོད་པ་ཤ་བོ་བཀྲ་ཤིས་དང་མགོན་པོ་དོན་གྲུབ་གཉིས་ཀྱི་དཔྱད་རྩོམ《བོད་སྐད་བརྙན་འཕྲིན་གསར་འགྱུར་རྩོམ་སྒྲིག་ཐབས་རྩལ་དང་དུས་མཉམ་སྒྲ་ལེན་བྱེད་ནུས་ཇི་ལྟར་སྤྱོད་པའི་ཐད་རགས་ཙམ་གླེང་བ》ཞེས་པར་དཔྱད་རྩོམ་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།
  • ལེ་ཚན་སྔོན་མ།:ཨ་ཅག་ཚན་སྡེབ་ཀྱིས་དགོང་ཚོགས་གང་མང་དུ་བརྗོད་དོན་གླུ་གཞས་ཕུལ་བ།
  • ལེ་ཚན་རྗེས་མ།:མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་གི་ཐང་གའི་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་མགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།