བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་སྐབས་ཀྱི་གནས་སྐོར་མཛེས་ལྗོངས་བརྒྱད།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2012-08-06

རྒྱུས་ལོན་པ་ལྟར་ན2012ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་དེ་ཟླ8པའི་ཚེས15ཉིན་ནས་ཚེས21ཉིན་བར་དུ་ལྷོ་ཁ་ས་ཁུལ་རྩེ་ཐང་གྲོང་རྡལ་ནས་སྤེལ་རྒྱུ་ཡིན་ཅིང་། འགོ་རྩོམ་མཛད་སྒོ་དང་། ཚོང་དོན་གྲོས་མོལ། བརྗོད་གཞིའི་གླེང་སྟེགས། རིག་རྩལ་འགྲེམ་སྟོན། རིག་གནས་གྲོས་ཚོགས། ན་གཞོན་གཞས་པའི་འགྲན་སྡུར། སྲོལ་རྒྱུན་ལུས་རྩལ་འགྲན་སྡུར། ཡིག་རིས་བརྙན་པར་འགྲེམ་སྟོན་སོགས་མུ་འབྲེལ་བྱ་འགུལ་ཁག་མང་པོ་འདུས། 
              དེར་མ་ཟད་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་གྱི་དུས་སུ་ལོ་རྒྱུས་བྱུང་བ་རིང་མོ་ལྡན་ཞིང་ཁྱད་དུ་འཕགས་པའི་གནས་སྐོར་མཛེས་ལྗོངས་བརྒྱད་དེ། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དང་པོ་སྟེ་བསམ་ཡས་གཙུག་ལག་ཁང་དང་། བོད་ཀྱི་བླ་མཚོ་གསུམ་གྱི་ཡ་གྱལ་ཏེ་ཡར་འབྲོག་གཡུ་མཚོ། བཙན་པོ་སྲོང་བཙན་སྒམ་པོས་ལྷ་ས་གཙུག་ལག་ཁང་མ་བཞེངས་སྔོན་ལ་མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་བཅུ་བདུན་བཞེངས་པའི་ནང་གི་སྔ་ཤོས་ཏེ་ཁྲ་འབྲུག་དགོན་པ། ཕོ་བྲང་ལ་སྔ་བ་ཡུམ་བུ་བླ་སྒང་། བོད་བཙན་པོ་རིམ་བྱོན་གྱི་བང་སོ། ལྷ་མོ་བླ་མཚོ། གྲི་གུ་རྩྭ་ཐང་། ལེགས་པ་ལུང་བ་བཅས་ཀྱི་གནས་སྐོར་རྒྱ་ཆེན་པོར་སྤེལ་རྒྱུ་རེད།
  • ལེ་ཚན་སྔོན་མ།:ཐང་གའི་འགྲེམ་ཚོགས་སྐབས་ལྔ་བ་དེ་ཚེས10ཉིན་ཟི་ལིང་གྲོང་ཁྱེར་ལྷོ་གྲོང་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་
  • ལེ་ཚན་རྗེས་མ།:གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟའི་ཁུལ་དུ་བཅར་འདྲི་སྐྱོད་པའི་བྱ་འགུ
  • དོ་སྣང་ཆེ་བའི་རྩོམ།