ཐང་གའི་འགྲེམ་ཚོགས་སྐབས་ལྔ་བ་དེ་ཚེས10ཉིན་ཟི་ལིང་གྲོང་ཁྱེར་ལྷོ་གྲོང་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་སྤེལ་རྒྱུ་རེད།

    མཚོ་སྔོན་པོ་དྲ་བ།    2012-08-06

ཟླ8པའི་ཚེས10ཉིན་ནས་ཚེས14ཉིན་བར་དུ། མཚོ་སྔོན་རྒྱལ་སྤྱིའི་ཐང་ག་སྒྱུ་རྩལ་དང་ཤུལ་བཞག་རིག་གནས་འགྲེམ་ཚོགས་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ལྷོ་གྲོང་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་སྤེལ་རྒྱུ་རེད།

ཐེངས་འདིའི་འགྲེམ་ཚོགས་ཀྱིས་རིག་གནས་ཞིང་ཆེན་འཛུགས་སྐྲུན་དང་། མི་རིགས་རིག་གནས་དར་སྤེལ། རིག་གནས་ཐོན་ལས་གོང་སྤེལ་ཞེས་པ་བརྗོད་གཞི་རུ་བྱས་ནས་འགྲེམ་ཚོགས་དང་། གླེང་སྟེགས། འཁྲབ་སྟོན། མང་ཚོགས་རིག་རྩལ་བཅས་ཁག་བཞི་རུ་དགར་ཏེ་བརྗོད་གཞིའི་བྱ་འགུལ་རིགས16སྤེལ་རྒྱུ་རེད། དེའི་ཁྲོད་འགྲེམ་ཚོགས་ཀྱི་རིམ་པར་གསར་གཏོད་རང་བཞིན་གྱི་རིག་གནས་ཐོན་ལས་དང་། ཐང་གའི་སྒྱུ་རྩལ། གཟུགས་འདས་ཤུལ་བཞག་རིག་གནས། མི་རིགས་ཀྱི་དམངས་ཁྲོད་བཟོ་རྩལ་དང་མཛེས་རྩལ་ཐོན་རྫས་སོགས་འགྲེམ་སྟོན་བྱེད་རྒྱུ་རེད། གླེང་སྟེགས་ཀྱི་རིམ་པར་ཡུལ་མཐའི་མི་རིགས་ས་ཁུལ་གྱི་སྤྱི་བའི་རིག་གནས་ཞབས་ཞུའི་གྲོས་ཞིབ་དང་། ཐང་གའི་བཟོ་རྩལ་འགྲན་སྡུར་སྐབས་གཉིས་པ་སོགས་སྤེལ་རྒྱལ་རྒྱུ་རེད། འཁྲབ་སྟོན་རིམ་པར་བརྗོད་གཞིའི་དགོང་ཚོགས་ཏེ«རེབ་གོང་མཚར་ཉམས»ཞེས་པ་དང་མི་རིགས་གླུ་གར་ཐང་ཆེན་རྒྱུན་སྟོན་སོགས་འདུས། མང་ཚོགས་སྒྱུ་རྩལ་གྱི་རིམ་པར་ཐང་གའི་དུས་ཆེན་གྱི་ལྷན་འཛོམས་ཏེ་ཞང་གྲོང་གི་རོལ་ཚོགས་དང་། བརྙན་རིས་འགྲེམ་སྟོན་སོགས་སྤེལ་རྒྱུ་རེད།

  • ལེ་ཚན་སྔོན་མ།:པར་ཙིར་རྒྱལ་ཁབ་ཀྱི་སློབ་མས་པེ་ཅིང་དུ་བོད་ཀྱི་གསོ་རིག་སྦྱངས་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་སྐབས་ཀྱི་གནས་སྐོར་མཛེས་ལྗོངས་བརྒྱད།
  • དོ་སྣང་ཆེ་བའི་རྩོམ།