ཀྲུང་གོའི་བོད་ལྗོངས་དྲ་བ། 2012-08-06
པེ་ཅིང་བོད་སྨན་ཁང་གི་པར་ཙིར་ཀྲུང་དབྱིའི་གསོ་རིག་ཚོགས་པའི་བོད་ཀྱི་གསོ་རིག་སྦྱོང་བརྡར་འཛིན་གྲྭ་དེ་པེ་ཅིང་དུ་འཚོགས་འགོ་བརྩམས་ཤིང་། གླིང་ཆེན་ཨ་མེ་རི་ཁ་ལྷོ་མའི་རྒྱལ་ཁབ་པར་ཙིར་ནས་ཡོང་བའི་སློབ་མ26གིས་པེ་ཅིང་བོད་སྨན་ཁང་དུ་བོད་ཀྱི་གསོ་རིག་གི་དམིགས་བསལ་གྱི་སྨན་བཅོས་བྱེད་སྟངས་སྦྱངས་ཡོད་པ་རེད།
2010ལོ་ནས་བཟུང་། པེ་ཅིང་བོད་སྨན་ཁང་གིས་ཆི་ལི་དང་ཨ་ཀེན་ཐིན། ཕུའུ་ཐའོ་ཡ། སི་ཕེན། ཁོ་ལོམ་པི་ཡ། དབྱི་ཐ་ལི་སོགས་ཀྱི་རྒྱལ་ཁབ་ནས་ཡོང་བའི་རྒྱལ་སྤྱིའི་སློབ་མ100ལྷག་ཙམ་ལ་བོད་ཀྱི་གསོ་བ་རིག་པའི་སྦྱོང་བརྡར་བྱས་ཡོད་པ་རེད།
རྫས་འགྱུར་རིགས་ཀྱི་སྨན་རྫས་མེད་པའི་ཐོག་ནས་སྨན་བཅོས་བྱེད་སྟངས་དང་རང་བྱུང་གི་སྨན་རྩའི་སྨན་བཅོས་བྱེད་སྟངས་སོགས་ཀྱི་ལྟ་བ་དང་བསྟུན་ནས་རྒྱལ་ཕྱི་རྒྱལ་ནང་གི་ནད་པས་དང་ལེན་ཡོང་ཆེད། བོད་ཀྱི་གསོ་རིག་དེ་ཡང་རིམ་བཞིན་རྒྱལ་སྤྱིའི་སྨན་རྫས་ལས་རིགས་ཀྱིས་བརྩི་འཇོག་བྱ་ཡུལ་དུ་གྱུར་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10