ཀླུ་འབུམ་བྱམས། མཚོ་སྔོན་གསར་འགྱུར་དྲ་བ། 2012-08-07
འདི་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏུས་མ་ཅ་ཡིས་གཏམ་བཤད་པའི་ཚུལ་རེད།
འདི་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏུས་མ་ཅ་ཡིས་དར་ཆ་གནང་བའི་ཚུལ་རེད།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་དང་འཛུགས་སྐྲུན་གཞུང་སྒྲུབ་ཁང་། ཞང་ཀང་ཏ་ཀུང་ཚགས་པར་ཁང་བཅས་ཀྱིས་མཉམ་དུ་བསྒྲུབས་པའི་ཞང་ཀང་སྨྱད་བྱད་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟའི་ཁུལ་དུ་བཅར་འདྲིར་སྐྱོད་པའི་བྱ་འགུལ་གྱི་ལམ་ལ་ཆས་པའི་མཛད་སྒོ་དང་དར་ཆ་གནང་བའི་མཛད་སྒོ་དེ་ཟི་ལིང་གྲོང་ཁྱེར་ཧེ་ཧུའུ་གཞིས་ཁུལ་གསར་བ་ནས་གཟབ་རྒྱས་ངང་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏིས་མ་ཅ་ཡིས་དར་ཆ་གནང་བར་མ་ཟད་གཏམ་བཤད་པ་དང་། ཞང་ཀང་གསར་འགྱུར་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། ཏ་ཀུང་ཚགས་པར་ཁང་གི་ཏུང་ཧྲི་ཀྲང་གི་ཞོར་དུ་ཧྲེ་ཀྲང་གི་འགན་འཁུར་མཁན་ཅང་ཧྲི་ཀྲུང་མཛད་སྒོར་ཞུགས་ཏ་གཏམ་བཤད། ཞང་ཀང་ཚགས་པར་ལས་རིགས་སྤྱི་པའི་ཚོགས་པའི་ཀྲུའུ་ཞི་ཀན་ཐིན་ཧོན། ཀྲུང་གོ་རྒྱང་ལྟ་ཚགས་པར་ཁང་གི་ཧྲེ་ཀྲང་གཞོན་པ་ཞོ་ཡོན་ཞིན། ཀྲུང་གོ་གསར་འགྱུར་ཁང་གི་ཧྲེ་ཀྲང་ཀྲང་ཡུས་སོགས་ཀྲུང་དབྱང་དང་ཞང་ཀང་སྨྱན་བྱད་ཀྱི་མགོ་ཁྲིད་དང་གསར་འགོད་པ་བཅུ་ཕྲག་འགའ་མཛད་སྒོར་ཞུགས།
ཅི་ཏིས་མ་ཅ་ཡིས་ཐོག་མར་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་བཅས་ཀྱི་ཚབ་བྱས་ཏེ། ཐེངས་འདིའི་དམིགས་བསལ་དོན་སྙིང་ལྡན་པའི་བཅར་འདི་བྱ་འགུལ་ལ་ཞུགས་པའི་ཞང་ཀང་གི་སྨྱད་བྱད་གཙོ་བོ་དང་། ཐེངས་འདིའི་གསར་འགྱུར་དྲིལ་སྒོག་ལ་ཞུགས་པའི་བཅར་འདྲི་ཚོགས་པའི་མི་སྣ་ཡོངས་ལ་ཐེངས་འདིའི་བྱ་འགུལ་ལེགས་འགྲུབ་ཡོང་བའི་སྨོན་འདུན་བཟང་བོ་ཞུས། ཅི་ཏིས་མ་ཅ་ཡིས་གཙང་གསུམ་འབྱུང་ཡུལ་ནི་ང་ཚོའི་རྒྱལ་ཁབ་ལ་མཚོན་ན་སྐྱེ་ཁམས་ཀྱི་གོ་གལ་ཆེན་ཟིན་ཡོད་པས། རེ་བ་ལ་ཞང་ཀང་གི་སྨྱན་བྱད་གཙོ་བོས་གསར་འགྱུར་དྲིལ་སྒྲོག་ལ་བརྟེན་ནས། ཕྱི་ཕྱོགས་ཀྱིས་གཙང་གསུམ་འབྱུང་ཡུལ་ལ་སྔར་ལས་རྒྱུས་ལོན་དང་ངོས་འཛིན་བྱེད་དུ་འཇུག་པ་དང་། མི་སྔར་ལས་མང་པོར་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཡོད་དུ་འཇུག་དགོས་ཞེས་བསྟན།
འདི་ནི་བཅར་འདི་ཚོགས་པ་ལམ་ལ་ཆས་པའི་ཚུལ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10