ཚེ་རིང་རྒྱ་མཚོས་བསྒྱུར ཀྲུང་གོའི་བོད་ལྗོངས་དྲ་བ། 2012-08-06

ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོའི་བོད་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས། བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་བཅས་ཀྱིས་གཙོ་སྒྲུབ་མཛད་པའི་པེ་ཅིན་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་ཚོགས་འདུ་སྐབས་ལྔ་བ2012ལོའི་ཟླ8པའི་ཚེས4ཉིན་པེ་ཅིན་ནས་རྒྱལ་ཁའི་ངང་མཇུག་སྒྲིལ། ཉིན་དེའི་ཕྱི་དྲོ་སྤེལ་བའི་ཚང་འཛོམས་གྲོས་ཚོགས་ལ་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་གཞོན་པ་ལིའུ་ཡུན་ཧྭ་ཡི་འགོ་འཛིན་བྱས།
ཐེངས་འདིའི་གྲོས་ཚོགས་སྐབས་སུ་རྒྱལ་ནང་གི་ས་གནས་སོ་སོ་དང་ཞང་ཀང་། ཨོ་མིན་ས་ཁུལ་ནས་ཐོན་པའི་ཆེད་མཁས་རྣམས་ཞུགས་ཡོད་པ་མ་ཟད། འཇར་པན་དང་ཕྱི་སོག ཧུན་རྡུ། དབྱིན་ཇི། ཧྥ་རན་སེ། དབྱི་ཐ་ལི། ཧང་ག་རི། སུའེ་ཙེར། འཇར་མན། ཨ་མེ་རི་ཁ། ཨོ་སི་ཁྲུ་ལི་ཡ་སོགས་རྒྱལ་ཁབ་དང་ས་གནས21ནས་ཐོན་པའི་བོད་རིག་པའི་ཆེད་མཁས་རྣམས་ཞུགས་ཡོད་པ་དང་སོ་སོས་ཞིབ་འཇུག་གྲུབ་འབྲས་གསར་བ་འགྲེམ་སྟོན་བྱས་པ་བརྒྱུད། རིག་གཞུང་བརྗེ་རེས་དང་མཉམ་འབྲེལ་བྱེད་པར་སྐུལ་འདེད་ཐོབ།
ཀྲུང་གོའི་བོད་རིགས་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་གྱིས་དཔྱད་གླེང་མཇུག་བསྡུ་མཛད་སྒོ་སྟེང་དུ་ཐེངས་འདིའི་གྲོས་ཚོགས་ལ་སྤྱི་བསྡོམས་བྱས་ཤིང་། ཁོས་བཤད་རྒྱུར། ཆེད་མཁས་གྲོགས་པོ་རྣམ་པས་གྲོས་ཚོགས་ཀྱི་བརྗོད་བྱ་གཙོ་བོར་དམིགས་ཏེ། ཁྱབ་ཁོངས་མི་འདྲ་ས་དང་། སློབ་ཚན་མི་འདྲ་བ། གོ་རིམ་མི་འདྲ་བ། ཕྱོགས་མི་འདྲ་ས་ནས། བོད་ལྗོངས་སྤྱི་ཚོགས་འགྱུར་ལྡོག་དང་རྒྱལ་སྤྱིའི་བོད་རིགས་པའི་འཕེལ་སྟངས་ལ་གསལ་སྟོན་དང་རྟོག་ཞིབ་བྱས་ནས། 2008ལོའི་པེ་ཅིན་(རྒྱལ་སྤྱིའི་)བོད་རིག་པའི་ཞིབ་འཇུག་གྲོས་ཚོགས་ཚུན་གྱི་བོད་རིགས་པའི་ཞིབ་འཇུག་གི་གྲུབ་འབྲས་གསར་བ་འགྲེམ་སྟོན་གང་ལེགས་བྱས་པ་རེད། ཁོས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་སྟེང་དུ་བོད་རིགས་པའི་ཆུང་ཕྱོགས་མཁས་པ་མང་ཆེ་བ་ཐོན་ཡོད་དེ། ཁོ་ཚོ་ཞུགས་ཡོད་པས་གྲོས་ཚོགས་ཀྱི་རྣམ་པ་གསོན་ཉམས་ཀྱི་ཁེངས་ཡོད་ཅིང་། ཕྱི་རྒྱལ་མཁས་པས་ཐེངས་འདིའི་གྲོས་ཚོགས་ཀྱི་རྣམ་པ་ནི་“ཁབ་རྣོ་ལེན་”རེད་ཅེས་བསྔགས་བརྗོད་བྱེད་ཀྱིན་ཡོད། །

ཚོགས་ཞུགས་ཆེད་མཁས་རྣམས་ཀྱིས་ནན་ཏན་སྒོས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཉན་བཞིན་པའི་ཚུལ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10