《མི་རིགས་བཟོ་སྐྲུན》ཞེས་པའི་འཆད་ཁྲིད་ཟི་ལིང་ནས་སྤེལ་བ།

    ཀྲུང་གོ་བོད་ཀྱི་དྲ་བ།    2012-08-06

ཉེ་སྔོན་།  མཚོ་སྔོན་དུས་འཁོར་བོད་བརྒྱུད་བཟོ་སྐྲུན་རིག་གནས་ཞིབ་འཇུག་གསར་སྤེལ་ཚད་ཡོད་ཀུང་ཟིས་གཙོ་སྒྲུབ་བྱེད་པའི་《མི་རིགས་བཟོ་སྐྲུན》ཞེས་པའི་འཆད་ཁྲིད་ཟི་ལིང་ནས་སྤེལ། 

མཚོ་སྔོན་དུས་འཁོར་བོད་བརྒྱུད་བཟོ་སྐྲུན་རིག་གནས་ཞིབ་འཇུག་གསར་སྤེལ་ཀུང་ཟི་ནི་ཡུས་ཧྲུའུ་གནོད་ཕྱིའི་བསྐྱར་སྐྲུན་རྗེས་ཀྱི་བློ་འདྲི་ལས་ཁུངས་ནང་གི་གཅིག་ཡིན་པ་དང་།  ཐེངས་འདིའི་བྱ་འགུལ་ལས“ནུབ་རྒྱུད་གྲངས་ཉུང་མི་རིགས་ས་ཁུལ་གྱི་བཟོ་སྐྲུན་ལོ་རྒྱུས་རིག་གནས་ཞིབ་འཇུག”ཞེས་པ་བརྗོད་དོན་དུ་བཟུང་ནས་འཆད་ཁྲིད་རབ་དང་རིམ་པ་བཀོད་སྒྲིག་བྱས་ཏེ།  མཚོ་སྔོན་བཟོ་སྐྲུན་གླིང་དང་མཚོ་སྔོན་སློབ་གྲྭ་ཆེན་མོ། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ།  མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་བཅས་ནས་སྤེལ་རྒྱུ་རེད། འཆད་ཁྲིད་འདི་བརྒྱུད་དེ་མི་མང་པོ་ཞིག་ལ་མི་རིགས་བཟོ་སྐྲུན་ལོ་རྒྱུས་ཤུལ་བཞག་རིག་གནས་ཇི་ལྟར་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པ།  མི་རིགས་བཟོ་སྐྲུན་གྱི་དེང་རབས་ཁྱད་ཆོས་ཇི་ལྟར་འགྲེམ་སྤེལ་བྱེད་པ།  མི་རིགས་བཟོ་སྐྲུན་གྱི་འཕེལ་ཕྱོགས་དང་ལོ་རྒྱུས་ཀྱི་གོ་གནས་ཇི་ལྟར་ཞིབ་འཇུག་དང་རྒྱུས་ལོན་བྱེད་པ་བཅས་ལ་ངེས་ཤེས་གསལ་བོ་ཐོབ།

འཆད་ཁྲིད་ཁྲོད་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་།  ཆིན་ཧྭ་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་བཅས་རང་ཞིང་གི་འབྲེལ་ཡོད་ཆེད་མཁས་རྣམས་གདན་ཞུ་བྱས་ཏེ་ནུབ་རྒྱུད་གྲངས་ཉུང་མི་རིགས་ཀྱི་བཟོ་སྐྲུན་ལོ་རྒྱུས་རིག་གནས་ཞིབ་འཇུག་རྣམ་གྲངས་ཁྱབ་སྤེལ་བྱེད་པར་དཔྱད་གླེང་མཛད།  ། 

  • ལེ་ཚན་སྔོན་མ།:པེ་ཅིན་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་ལྔ་བ་རྒྱལ་ཁའི་ངང་མཇུག་སྒྲིལ།
  • ལེ་ཚན་རྗེས་མ།:པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་གཞིས་ཀ་རྩེ་ས་ཁུལ་བྱིས་པའི་ཕན་བདེ་གླིང་དུ་ཕེབས་ཏེ་བྱིས་པར་འཚམས་
  • དོ་སྣང་ཆེ་བའི་རྩོམ།